འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས་ཀྱིས་ཟླ་6ཚེས་20ཉིན་ནས་བཟུང་དུས་ཡུན་ཉིན་གསུམ་རིང་གི་
    འབྲིང་རིམ་སློབ་ཞུགས་རྒྱུགས་ལེན་བྱེད་འགོ་འཛུགས་རྒྱུ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་20ཉིན། 14:44】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བིའ་འཕྲིན། ཟླ་6ཚེས་16ཉིན་གྱི་སྔ་དྲོར་བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས་2016ལོའི་བོད་རང་སྐྱོང་ལྗོངས་ཀྱི་མཐོ་རིམ་སློབ་འབྲིང་དང་འབྲིང་རིམ་ལས་རིགས་སློབ་གྲྭས་སློབ་མ་བསྡུ་བའི་ལྗོངས་ཡོངས་ཀྱི་གཅིག་གྱུར་རྒྱུགས་ལེན་(གཤམ་དུ་“འབྲིང་རིམ་སློབ་ཞུགས་རྒྱུགས་ལེན་”ཞེས་པར་བསྡུ་རྒྱུ)གྱི་གསང་སྲུང་དང་རྒྱུགས་ལེན་དོ་དམ་ལས་དོན་སྐོར་གྱི་བརྙན་འཕྲིན་ཚོགས་འདུ་འཚོགས་པ་རེད། བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་འགོ་འཛིན་གཞོན་པའམ་སློབ་གསོ་རྒྱུགས་ལེན་ཁང་གི་འགོ་འཛིན་ལུའུ་ཧྲི་ཁྲེང་ཚོགས་འདུར་ཞུགས་པ་དང་འབྲེལ་གཏམ་བཤད་ཀྱང་བྱས་པ་དང་། བོད་རང་སྐྱོང་ལྗོངས་སློབ་གསོ་རྒྱུགས་ལེན་ཁང་གི་ཧྲུའུ་ཅི་དབྱང་ཧྭ་ཡིས་ལྗོངས་ཡོངས་ཀྱི་འབྲིང་རིམ་སློབ་ཞུགས་རྒྱུགས་ལེན་ལས་དོན་ལ་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་པ་རེད།
    ཤེས་རྟོགས་བྱུང་བ་ལྟར་ན། 2016ལོའི་བོད་ལྗོངས་ཀྱི་འབྲིང་རིམ་སློབ་ཞུགས་རྒྱུགས་ལེན་དེ་ཟླ་6ཚེས་20ཉིན་དང་། ཚེས་21ཉིན། ཚེས་22ཉིན་བཅས་ཉིན་གསུམ་རིང་བྱ་རྒྱུ་ཡིན་པ་དང་། ལྗོངས་ཡོངས་སུ་བསྡོམས་པས་རྒྱུགས་ཁུལ་10དང་། རྒྱུགས་ལེན་བྱེད་ས་89། རྒྱུགས་ར་1247བཅས་བཀོད་སྒྲིག་བྱས་ཡོད་པ་རེད། བསྡོམས་པས་མི་35460གིས་འབྲིང་རིམ་སློབ་ཞུགས་རྒྱུགས་ལེན་ལ་ཞུགས་རྒྱུའི་མིང་ཐོ་བཀོད་ཡོད་པ་དང་། དེ་ཚོའི་ཁྲོད་དུ་ནང་སའི་བོད་ལྗོངས་དམའ་རིམ་སློབ་འབྲིང་འཛིན་གྲྭའི་སློབ་ཐོན་སློབ་མ་1728དང་སློབ་མ་ལོང་བ་5བཅས་འདུས་ཡོད་ཅིང་། ན་ནིང་ལས་མི་1753འཕར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།