འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་མེ་ཏོག་རྫོང་དུ་རི་ཉིལ་ནས་མི་8ས་རྡིབ་འོག་ཏུ་བཅུག་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་20ཉིན། 09:55】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་ལྗོངས་མེ་ཏོག་རྫོང་དུ་རི་ཉིལ་ནས་མི་8ས་རྡིབ་འོག་ཏུ་བཅུག་པ།
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་17ཉིན་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་སྤ་སྟེང་རྩེ་གྲོང་ཚོའི(ཨ་ཉི་ཟམ་པའི་ཕྱོགས)མཚམས་ཀྱི་རི་ཉིལ་བ་རེད། སྐབས་དེ་དུས་བདེ་ཞིང་ཤང་གི་ཕྱི་རོལ་ཡུལ་དུ་སྨན་རྩྭ་འཐུ་མཁན་མང་ཚོགས་9རི་ཉིལ་ཁུལ་གྱི་རི་ཕུག་ཏུ་ཆར་ཡོལ་བྱས་ནས་བསྡད་པའི་ཁྲོད་ཀྱི་མི་1རི་ཕུག་ནས་ཕྱིར་ཕུད་དེ་རྨས་སྐྱོན་ཚབས་ཆེན་ཕོག་ནས་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད། དེ་མིན་གྱི་མི་8དེ་དག་ནུས་ཤུགས་ཡོད་རྒུས་སྐྱོབ་བཞིན་ཡོད།
         སྙན་ཞུ་འབྱོར་རྗེས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་གནང་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་རྣམ་གཉིས་ཀྱིས་འཕྲལ་མ་ཉིད་དུ་བཀོད་སྒྲིག་གནང་ནས་དུས་ཚོད་ནི་ཚེ་སྲོག་ཡིན་པ་དང་མི་སྐྱོབ་རྒྱུ་ནི་མཐའ་དག་ལས་ལྷག་པས་ཡོད་ཚད་བློས་གཏོང་བྱས་ནས་འབད་བརྩོན་ཆེན་པོས་ས་རྡིབ་འོག་ཏུ་ཚུད་པའི་མི་སྣ་འཚོལ་སྐྱོབ་དང་ནུས་ཤུགས་ཡོད་རྒུས་རྨས་མ་སྐྱོབ་དགོས་པ་དང་། ཚན་རིག་དང་མཐུན་པའི་ངང་རོགས་སྐྱོབ་སྒྲིག་འཛུགས་བྱས་ཏེ་ཞོར་ཐོན་གནོད་འཚེ་ཐོན་རྒྱུ་སྔོན་འགོག་ནན་པོ་བྱས་ནས་རོགས་སྐྱོབ་མི་སྣའི་བདེ་འཇགས་འགན་ལེན་བྱེད་དགོས་པ། གནམ་གཤིས་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་དུས་ཐོག་ཏུ་གནོད་འཚེའི་ཉེན་བརྡ་གཏོང་བའི་ཆ་འཕྲིན་ཁྱབ་བསྒྲགས་བྱེད་དགོས་པ། ས་གཤིས་གནོད་འཚེ་གྲལ་བཤེར་ཕྱོགས་ཡོངས་ནས་བྱས་ཏེ་གནོད་འཚེའི་མི་མངོན་པའི་རྐྱེན་ངན་མེད་པ་བཟོ་དགོས་པ། མང་ཚོགས་སྣེ་ཁྲིད་ཀྱིས་གནོད་འཚེ་སྔོན་འགོག་དང་ཉེན་ཡོལ་ཞབས་ཞུ་སྒྲུབ་ཤུགས་ཆེ་རུ་བཏང་ནས་མང་ཚོགས་ཀྱི་ཉེན་ཡོལ་འདུ་ཤེས་དང་རང་སྐྱོབ་ནུས་པ་ཆེ་རུ་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་ཡོད།
         གནོད་འཚེ་ཐོན་རྗེས་ཉིང་ཁྲི་གྲོང་ཁྱེར་དང་མེ་ཏོག་རྫོང་གིས་འཕྲལ་མར་གནོད་འཚེ་རོགས་སྐྱོབ་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་སྤྱི་བདེ་དང་། བདེ་འཇགས་ལྟ་སྐུལ། འགྲིམ་འགྲུལ། མེ་ཟོན། དྲག་ཆས་ཉེན་རྟོག འཕྲོད་བསྟེན། ཡུལ་དམག་བཅས་དང་དེ་བཞིན་ས་གནས་དེ་གའི་མང་ཚོགས་སོགས་རོགས་སྐྱོབ་སྟོབས་ཤུགས་དེ་མ་ཉིད་དུ་སྒྲིག་འཛུགས་བྱས་ཏེ་གནས་ཚུལ་ཐོན་ཡུལ་དུ་རོགས་སྐྱོབ་ལས་དོན་སྤེལ་བར་སྐྱོད་པ་དང་། ཉིང་ཁྲི་གྲོང་ཁྱེར་གྱིས་མཚན་མོ་དེ་རང་དུ་ལས་དོན་ཚོགས་ཆུང་གནོད་འཚེ་ཐོན་ཡུལ་དུ་རོགས་སྐྱོབ་ལས་དོན་མཛུབ་ཁྲིད་བྱེད་པར་མངགས་ཡོད། མིག་སྔར་འགྲོ་ལམ་མྱུར་བཟོ་བྱེད་པ་དང་། ནང་མིར་སེམས་གསོ་གཏོང་བ། འཕྲལ་སྡོམ་ལས་རེས་བྱེད་པ། སྔོན་ཚུད་ནས་ཉེན་བརྡ་གཏོང་བ་དང་སྔོན་འགོག་བྱེད་པ་བཅས་ཀྱི་ལས་དོན་ཕྱོགས་ཡོངས་ནས་སྤེལ་བཞིན་ཡོད།
    ༄༅།།བོད་ལྗོངས་མེ་ཏོག་རྫོང་དུ་རི་ཉིལ་ནས་མི་8ས་རྡིབ་འོག་ཏུ་བཅུག་པ།
      

    ཕྱོགས་བསྡུས་གསར་འགྱུར།