འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།སིང་ཀ་ཕོར་གྱི་དཔེ་དེབ་འགྲེམས་སྟོན་ཐོག་ལེའུ་བརྒྱའི་སྒྲ་ལྡན་གྲོང་ཁྱེར་གྱི་བག་ཆགས་
    《སོས་དལ་བག་ཕེབས་ཀྱི་སུའུ་ཀྲོའུ་》ཞེས་པའི་བྱུང་རབས་ཀྱི་
    པར་ཕུད་འགྲེམས་སྤེལ་བྱས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་20ཉིན། 09:44】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། གདོད་མའི་རོལ་དབྱངས་དང་། ཡི་གེ པར་རིས་བཅས་གཞི་གཅིག་ཅན་གྱི་སྒྲ་ལྡན་པར་སྐྲུན་དངོས་པོ་སྟེ་ལེའུ་བརྒྱའི་སྒྲ་ལྡན་གྲོང་ཁྱེར་གྱི་བག་ཆགས་《སོས་དལ་བག་ཕེབས་ཀྱི་སུའུ་ཀྲོའུ་》ཞེས་པའི་འབྱུང་རབས་ཚེས་4ཉིན་སིང་ཀ་ཕོར་གྱི་དཔེ་དེབ་འགྲེམས་སྟོན་ཐོག་པར་ཕུད་འགྲེམས་སྤེལ་བྱས་པ་རེད།
         བྱེད་སྒོ་སྤེལ་ཡུལ་དུ་སུའུ་ཀྲོའུ་ཡི་ཁྱད་ཆོས་མང་པོ་ལྡན་ཡོད། འཛུལ་སྒོར་ཟམ་ཆུང་འོག་ཆུ་ཕྲན་རྒྱུག་པ་ཇུས་འགོད་བྱས་པ་དང་ཟམ་པ་སྒྲོལ་ཚེ་ཚོགས་ར་གཙོ་བོར་སླེབས་ཀྱི་ཡོད། གར་སྟེགས་གཞོགས་གཉིས་སུ་སུའུ་ཀྲོའུ་ཡི་བརྐོས་མ་དང་སུའུ་ཀྲོའུ་ཡི་ཕར་ཆིན་ཏེ་མངོན་མིན་རིག་གནས་ཤུལ་བཞག་ཁག་གཉིས་བཀྲམས་ནས་སྒྱུ་རྩལ་པས་རྩེར་སོན་ལག་རྩལ་སྤྱད་དེ་ས་གནས་ས་ཐོག་ཏུ་སྒྱུ་རྩལ་ངོམས་སྟོན་བྱས་པས་ཚོགས་ར་ཡོངས་སུ་སུའུ་ཀྲོའུ་ཡི་རིག་གནས་ཀྱི་ཉམས་འགྱུར་ཟབ་མོ་མངོན་ཡོད། གཙོ་གཉེར་ཕྱོགས་ཀྱིས་《སོས་དལ་བག་ཕེབས་ཀྱི་སུའུ་ཀྲོའུ་》ཞེས་པ་ཡོངས་བསྒྲགས་དང་བསྟན་པ་བརྒྱུད། ཕྱི་རྒྱལ་གྱི་གྲོགས་པོ་མི་ཉུང་བ་ཞིག་སུའུ་ཀྲོའུ་ཤེས་རྟོགས་དང་སུའུ་ཀྲོའུ་ལ་དགའ་ཞེན་གྱིས་སུའུ་ཀྲོའུ་རུ་འགྲོ་རྒྱུའི་ཡིད་དབང་འགུག་རེ་བྱེད་ཀྱི་ཡོད་ཅེས་བཤད་པ་རེད།
         བྱེད་སྒོ་སྤེལ་རིང་ད་དུང་《ཉམས་འགྱུར་ལྡན་པའི་སུའུ་ཀྲོའུ་》དང་། 《སུའུ་ཀྲོའུ་ཡི་ཕར་ཆིན》 《སུའུ་ཀྲོའུ་ཡི་བརྐོས་དཀྲོལ》 《ཆུ་གྲོང་གི་གཏམ་རྒྱུད》 《སུའུ་ཀྲོའུ་ཡི་མིག་དཔེ་》བཅས་ཀྱི་དཔེ་ཚོགས་རབ་དང་རིམ་པ་བཏོན་པས་སིང་ཀ་ཕོར་གྱི་ཀློག་པ་པོ་མང་དག་ཅིག་གི་ཡིད་དབང་བཀུག་པ་རེད།
         སྐྱེ་ཁུངས་སུའུ་ཀྲོའུ་ནས་ཡིན་པའི་གྲགས་ཅན་རྩོམ་པ་པོ་ཡེ་མིས་བྱེད་སྒོ་སྤེལ་ཡུལ་དུ་ཁོང་གི་ཕ་ཡུལ་འོས་སྦྱོར་བྱས་པ་དང་རྩོམ་རིག་གི་ལྟ་ཕྱོགས་ནས་ཁོང་གིས་རྒྱུས་མངའ་ལོན་པའི་སུའུ་ཀྲོའུ་འགྲེལ་བཤད་བརྒྱབ་པ་དང་དུས་མཚུངས། སུའུ་ཀྲོའུ་ཉིན་རེའི་ཚགས་པར་གྱི་ཚགས་པར་ལས་རིགས་ཚོགས་པ་དང་སིང་ཀ་ཕོར་མཉམ་འབྲེལ་ཞོགས་པའི་ཚགས་པར་དབར་ཕྱོགས་གཉིས་པོས་རང་སོ་སོའི་སྨྱན་སྦྱོར་གྱི་ཐོན་ཁུངས་བརྒྱུད། ས་ཆ་གཉིས་པོའི་རིག་གནས་ལ་སྐུལ་འདེད་གཏོང་རེས་བྱེད་པའི་ཐད་ཀྱི་མཉམ་ལས་གྲོས་མཐུན་ཐོག་མིང་རྟགས་བཀོད་པ་རེད།
         《སོས་དལ་བག་ཕེབས་ཀྱི་སུའུ་ཀྲོའུ་》ཞེས་པ་དེ་སུའུ་ཀྲོའུ་གྲོང་ཁྱེར་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་དང་སུའུ་ཀྲོའུ་གྲོང་ཁྱེར་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་མཉམ་དུ་བཏོན་པ་ཞིག་རེད།
         《སོས་དལ་བག་ཕེབས་ཀྱི་སུའུ་ཀྲོའུ་》ཞེས་པ་དེ་གཙོ་བོ་རླུང་འཕྲིན་ལས་ཁུངས་ཀྱི་ལེ་ཚན་ནས་བསྟན་རྒྱུ་དང་། ཟླ་བ་དྲུག་པ་ནས་དགུ་པའི་བར་སྔ་རྗེས་སུ་སིང་ཀ་ཕོར་དང་། མ་ལེ་ཞི་ཡ། ཀྲུང་གོའི་ཤང་ཀང་དང་ཨའོ་མོན། ཤིས་ཡ་ཐུའུ། སུའུ་ཀྲོའུ་བཅས་གོ་ལ་ཧྲིལ་པོའི་རྒྱ་སྐད་བརྙན་འཕྲིན་ལས་ཁུངས་དྲུག་གིས་བསྟན་རྒྱུ་རེད།
         སིང་ཀ་ཕོར་གྱི་ཡོངས་བསྒྲགས་བྱེད་སྒོའི་ནང་《སོས་དལ་བག་ཕེབས་ཀྱི་སུའུ་ཀྲོའུ་》ཞེས་པར་མིང་གཅིག་པའི་བརྗོད་དོན་གཙོ་བོའི་གླུ་གཞས་རྩོམ་མཁན་སིང་ཀ་ཕོར་གྱི་གྲགས་ཅན་རོལ་དབྱངས་མཁས་ཅན་ལེའང་དབུན་ཕུའུ་ཡིས་ང་རང་སུའུ་ཀྲོའུ་རུ་ཐེངས་གསུམ་སླེབས་མྱོང་ཡོད། ད་ཐེངས་གླུ་གཞས་དེ་རྩོམ་པར་གདན་ཞུ་བྱས་པ་འདིའང་རང་ཉིད་ཀྱི་ལས་འཕྲོ་དེ་གྲུབ་སོང་ཞེས་བཤད།
         སིང་ཀ་ཕོར་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་རིག་གནས་ཚན་ཙན་ཤའོ་ཅང་ཧྭ་དང་ཅང་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གི་ཀྲུའུ་རེན་སི་ཅིན་ཆོན་སོགས་བྱེད་སྒོར་ཕེབས་ཡོད། 《སོས་དལ་བག་ཕེབས་ཀྱི་སུའུ་ཀྲོའུ་》ཞེས་པ་དེ་ཟླ་6ཚེས་8ཉིན་མ་ལེ་ཞི་ཡའི་སྐར་མའི་ཚགས་པར་སྨྱན་སྦྱོར་རླུང་འཕྲིན་ཚོགས་པས་ས་གནས་དེ་གར་སྟོན་ཐེངས་དང་པོའི་བྱེད་སྒོ་སྤེལ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།