འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས་ཀྱི་ཁེ་ལས་དག་གིས“བདེ་འཇགས་ཐོན་སྐྱེད་ཟླ་བའི”བྱེད་སྒོ་སྤེལ་བ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་20ཉིན། 09:50】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། བདེ་འཇགས་ལས་དོན་ནི་སྤྱི་ཡོངས་དང་འབྲེལ་བས་འགན་འཁྲི་རི་བོ་ཐའེ་ཧྲན་ལས་ཀྱང་ལྕི། བོད་རང་སྐྱོང་ལྗོངས་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱི“བདེ་འཇགས་ཐོན་སྐྱེད་ཟླ་བ”དང“བདེ་འཇགས་ཐོན་སྐྱེད། བོད་ཀྱི་བྱ་སྤྱོད”བྱེད་སྒོའི་བླང་བྱ་ལྟར། ཉེ་ཆར་བོད་ལྗོངས་མཐོ་བརྩོན་འཛུགས་སྐྲུན་རྒྱུ་ཆ་མ་རྐང་ཚད་ཡོད་ཀུང་སིས“བདེ་འཇགས་ཐོན་སྐྱེད་ཟླ་བའི”བྱེད་སྒོ་སྤེལ་འགོ་ཚུགས་ཤིང་། དེའི་ཐོག་ནས་བོད་རང་སྐྱོང་ལྗོངས་ཀྱི་ཁེ་ལས་དག་གིས“བདེ་འཇགས་ཐོན་སྐྱེད་ཟླ་བའི”བྱེད་སྒོ་དངོས་སུ་སྤེལ་བ་མཚོན་པ་རེད།
         མཛད་སྒོའི་ཐོག་བོད་ལྗོངས་མཐོ་བརྩོན་འཛུགས་སྐྲུན་རྒྱུ་ཆ་མ་རྐང་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཟླ་བ་ཚེ་རིང་གིས་ཁེ་ལས་ཀྱི་ཚབ་ཞུས་ནས། “བདེ་འཇགས་ཐོན་སྐྱེད་ཟླ་བའི”བྱེད་སྒོའི་མཛུབ་ཁྲིད་བསམ་བློ་དོན་འཁྱོལ་ཡག་པོ་དང་། བདེ་འཇགས་ཐོན་སྐྱེད་ཐད་ཀྱི་འགོག་ཟོན་བྱེད་ཐབས་ཁག་ཤུགས་ཆེར་གཏོང་བ། ཐོན་སྐྱེད་བྱ་ཡུལ་གྱི་ལྟ་སྐུལ་ཚོད་འཛིན་དོ་དམ་ལ་ཤུགས་སྣོན་རྒྱག་པ། ཀུང་སིའི་ཐོན་སྐྱེད་གཉེར་སྐྱོང་ཁྲོད་གནས་པའི་མངོན་མེད་རྐྱེན་ངན་སྣ་ཚོགས་གྲལ་བཤེར་བཅོས་སྒྲིག་བྱེད་པ། བརྒྱུད་རིམ་ལྡན་ལ་ཚོད་འཛིན་ཆོག་པའི་བདེ་འཇགས་ཐོན་སྐྱེད་ཀྱི་སྔོན་འགོག་མ་ལག་འཛུགས་པ་བཅས་བྱས་ནས། ལས་འཛོལ་ཚབས་ཆེན་གཏན་འགོག་ཐུབ་རྒྱུ་དང་། སྤྱིར་བཏང་ལས་འཛོལ་ཡང་མི་ཐོན་རྒྱུ། ཀུང་སིའི“ལོ་ཧྲིལ་པོར་བདེ་འཇགས་ཐོན་སྐྱེད་ལས་འཛོལ་གཅིག་ཀྱང་མི་ཐོན་པའི”དམིགས་ཚད་ལས་འགན་མངོན་འགྱུར་བྱེད་རྒྱུ་བཅས་ཀྱི་ཐད་དགོས་ངེས་ཀྱི་བདེ་འཇགས་སྲུང་ཡོལ་མཁོ་འདོན་བྱེད་རྒྱུ་ཡིན་ཞེས་ཁས་བླངས་པ་རེད།
         བྱེད་སྒོ་སྤེལ་ཡུལ་དུ། བོད་རང་སྐྱོང་ལྗོངས་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་ཅུས་དང་རང་སྐྱོང་ལྗོངས་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ལས་དོན་མི་སྣས་ལས་རིགས་ནད་གཞི་ངོ་སྤྲོད་དང་། སྔོན་འགོག་བྱེད་ཐབས། ཇི་ལྟར་བདེ་འཇགས་ལས་སྒྲུབ་བྱེད་པ་སོགས་ཀྱི་དྲིལ་བསྒྲགས་དཔྱད་གཞི་ཆིག་ཁྲི་ལྷག་ཙམ་གྲ་སྒྲིག་བྱས་ནས། ཀུང་སིའི་ལས་མི་ཚོར་སྤྲད་པ་དང་འབྲེལ་ས་གནས་ས་ཐོག་ཏུ་ཁོང་ཚོའི་དོགས་གནད་ཀྱང་བསལ་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།