འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཟི་ལིང་གིས་ལོ་འཁོར་གྱི་ལས་འགན་དུས་ཚིགས་རེར་དཔྱད་དཔོག་བྱ་ཐབས་བཏོན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་20ཉིན། 09:51】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་མཚོ་སྔོན་ཟི་ལིང་གིས་《ཟི་ལིང་གྲོང་ཁྱེར་གྱི་རྫོང་རིམ་པའི་འགོ་ཁྲིད་ཚན་ཁག་གི་ལོ་འཁོར་གྱི་དམིགས་ཚད་ལས་འགན་དུས་ཚིགས་རེར་དཔྱད་དཔོག་བྱ་ཐབས་(ཚོད་ལྟར་སྤྱོད་རྒྱུ་)》(གཤམ་དུ་《བྱ་ཐབས་》ཞེས་བསྡུ་རྒྱུ)དངོས་སུ་བཀྲམས་པ་དེས་རྫོང་དང་ཆུས་དང་གྲོང་ཁྱེར་ཐད་གཏོགས་སྡེ་ཚན་གྱི་འགོ་ཁྲིད་ཚན་ཁག་གི་ལས་རྗེས་ཀྱི་ལོ་འཁོར་དཔྱད་ཞིབ་བྱེད་འགོ་ཚུགས་པ་མཚོན་ཡོད།
         ངོ་སྤྲོད་བྱས་པར་གཞིགས་ན། དཔྱད་ཞིབ་ཀྱི་ནང་དོན་ཐད་《བྱ་ཐབས་》ནང་རྫོང་དང་ཆུས་དང་སྡེ་ཚན་ཁག་གི་ལས་བགོས་དང་ལས་འགན་ཁ་གསལ་བཟོས་པ་མ་ཟད། གནད་སྨིན་དབུལ་སྐྱོར་དང་། སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། དམངས་ལ་དོན་དངོས་སྒྲུབ་པའི་རྣམ་གྲངས་སོགས་གཙོ་གནད་ལས་ཀ་དག་ཀྱང་དུས་ཚིགས་ཀྱི་དཔྱད་ཞིབ་ཀྱི་གཙོ་གནད་ཡིན་པ་དང་། དཔལ་འབྱོར་གྱི་སྟོན་རྟགས་གཙོ་བོ་ཟླ་དུས་ལ་གཞིགས་ནས་ལྟ་སྐུལ་ཚོད་འཛིན་བྱེད་པ་དང་དགོས་ངེས་སྐབས་ཉེན་ཟོན་སྔོན་བརྡ་ཡང་གཏོང་དགོས་པ་མ་ཟད། རྫོང་དང་ཆུས་དང་སྡེ་ཚན་ཁག་གིས་རང་སོ་སོས་སྙན་སེང་ཞུས་པའི་འཕེལ་རྒྱས་ཀྱི་སྟོན་རྟགས་དང་འགན་ནུས་སྟོན་རྟགས་ཀྱང་དཔྱད་ཞིབ་བྱ་ཡུལ་ནང་བཅུག་པ་འཁོད་ཡོད། དཔྱད་ཞིབ་བྱ་ཐབས་ཐད་《བྱ་ཐབས་》ནང་དེ་མཚུངས་ཀྱི་དཔྱད་ཞིབ་འགན་འཁྲིའི་བྱེད་པོ་གཏན་འཁེལ་བྱས་པ་དང་དཔྱད་ཞིབ་འགན་འཁྲིའི་བྱེད་པོས་རྗེས་སྙེགས་ལྟ་སྐུལ་ཞིབ་བཤེར་དང་། མངོན་བཤེར་ལྐོག་ཞིབ། ཆེད་མངགས་ལྟ་སྐུལ་ཞིབ་བཤེར། ཆ་འཕྲིན་བསྡུ་རུབ་སོགས་ཀྱི་བྱ་ཐབས་བརྒྱུད“རྗེས་ཤུལ”ལ་དཔྱད་ཞིབ་བྱས་ཏེ་ཤེས་རྟོགས་ཐུབ་པའི་གནད་དོན་ཐོ་འགོད་པ་དང་། དུས་ཚིགས་ཀྱི་རྩིས་ཁྲ་བཟོ་བ། དུས་ཚིགས་ཀྱི་བརྗེ་མཚམས་ལ་གཞིགས་ནས་དཔྱད་ཞིབ་བྱ་ཡུལ་ཚན་པར་བརྡ་ཁྱབ་གཏོང་བ་དང་ལན་འདེབས་དགོས་པའི་ཁར། 《ཉེན་ཟོན་སྔོན་བརྡའི་དྲན་སྐུལ་ཡི་གེའི་》ཐོག་ནས་གྲོང་ཁྱེར་དཔྱད་ཞིབ་གཞུང་དོན་ཁང་ལ་སྐྱེལ་དགོས་པའང་འཁོད་ཡོད།
         《བྱ་ཐབས་》ནང་ཡིག་ཚགས་དང་དཔྱད་གཞི་རྫུས་མ་བཟོས་པ་དང་ལས་ཀ་ཏན་ཏིག་མ་བསྒྲུབས་པ་སོགས་ཀྱི་རྐྱེན་པས་དཔྱད་ཞིབ་འགན་འཁྲིའི་བྱེད་པོས་སྐྱོན་བརྗོད་བརྡ་ཁྱབ་བཏང་བ་དག་ལ། གྲོང་ཁྱེར་དཔྱད་ཞིབ་གཞུང་དོན་ཁང་གིས་དམིགས་ཚད་ཀྱི་ཉེན་ཟོན་སྔོན་བརྡ་བཏང་བའམ་ཡང་ན་རྗེས་སྙེགས་ལྟ་སྐུལ་བྱས་ཀྱང་དུས་བཀག་དང་བླང་བྱ་བཞིན་ལས་འགན་ལེགས་འགྲུབ་མ་བྱས་པ་དང་། དཔྱད་ཞིབ་ཀྱི་འགན་འཁྲིའི་བྱེད་པོས་དུས་ཚིགས་ཀྱི་དཔྱད་ཞིབ་ལས་ཀ་ཡག་པོ་བསྒྲུབས་མེད་པ་དང་། གཏན་འབེབས་བྱས་པའི་དུས་བཀག་ནང་གྲོང་ཁྱེར་དཔྱད་ཞིབ་གཞུང་དོན་ཁང་ལ་དུས་ཚིགས་ཀྱི་དཔྱད་ཞིབ་བྱས་ཚུལ་སྐྱེལ་དགོས་པའི་བླང་བྱ་ལྟར་བསྒྲུབས་མེད་པའི་གནས་ཚུལ་སོགས་ལ་སྐར་མ་གཅོག་པའི་ཚད་གཞི་ཡང་ཁ་གསལ་བཟོས་ཡོད། 
      

    ཕྱོགས་བསྡུས་གསར་འགྱུར།