འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་དྲ་ཐོག་ཚོང་དོན་དང་ཚོང་དོན་ཟོག་འགྲེམས་མཐུན་ཚོགས་ཨང་དང་པོ་
    སྒོ་བྱང་བཀལ་ནས་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་20ཉིན། 09:51】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་བོད་ཀྱི་དྲ་ཐོག་ཚོང་དོན་དང་ཚོང་དོན་ཟོག་འགྲེམས་མཐུན་ཚོགས་ཨང་དང་པོ་དངོས་སུ་སྒོ་བྱང་བཀལ་ནས་བཙུགས་ཏེ་བོད་ཀྱི་དྲ་ཐོག་ཚོང་དོན་འཕེལ་རྒྱས་ཀྱི་ལེའུ་གསར་པ་བརྩམས་པ་དང་ཆབས་ཅིག་བོད་ཀྱི་དྲ་ཐོག་ཐོན་ལས་གོང་འཕེལ་ཡོང་བར་སྔར་བས་སྐུལ་མ་ཐེབས་རྒྱུ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། མཐུན་ཚོགས་དེས་དྲ་ཐོག་ཚོང་དོན་ཉོ་ཚོང་དང་། ཡིད་རྟོན། ཟོག་འགྲེམས། མཁོ་འདོན་བཅས་མུ་སྦྲེལ་མཐུན་སྦྱོར་འཕེལ་རྒྱས་ལ་གཞོལ་ནས་གཉེར་སྐྱོང་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་ཉོ་ཚོང་ཕྱོགས་གཉིས་པོའི་ཁེ་དབང་ལ་ཁྲིམས་བཞིན་སྲུང་སྐྱོང་བྱ་རྒྱུ་དང་། “བོད་ཟོག་ཡུལ་ལུང་ཀུན་ཏུ་ཁྱབ་པ”སོགས་ཀྱི་དྲ་ཐོག་ཚོང་དོན་ལས་སྟེགས་བརྒྱུད་དེ་བོད་ཀྱི་ཁྱད་ལྡན་ཚོང་ཟོག་ཕྱིར་འདྲེན་དང་ཞིང་ཆེན་ཕྱིའི་ཚོང་ཟོག་སྤུས་ལེགས་ནང་འདྲེན་བྱས་ཏེ་འབྲེལ་ལམ་གྱི་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ་བོད་ཀྱི་དཔལ་འབྱོར་ཕྱོགས་འགྱུར་དང་འཕེལ་རྒྱས་ཡོང་བར་སྐུལ་མ་གཏོང་རྒྱུ་རེད།
         བོད་ལྗོངས་ཚོང་དོན་ཐིང་གི་ཐིང་ཀྲང་གཞོན་པ་སྐལ་བཟང་སྨོན་ལམ་གྱིས་མཐུན་ཚོགས་བཙུགས་པ་དེ་ཐོག་ནས་བོད་ཀྱི་དྲ་ཐོག་ཚོང་ལས་ཀྱི་འཕེལ་རྒྱས་ཉིད་མགྱོགས་ལམ་ཐོག་བསྐྱོད་དེ“ཧོ་ཟོག་ཡུལ་ལུང་ཀུན་ཏུ་ཁྱབ་པ”དང“བོད་ཟོག་ཡུལ་ལུང་ཀུན་ཏུ་ཁྱབ་པ”སོགས་ཀྱི་སྤུས་རྟགས་མཉམ་སྐྲུན་ལ་སྐུལ་མ་བཏང་སྟེ་བོད་ཀྱི་ཁེ་ལས་ཁག་གཅིག་གི“ཁེར་གཉེར”ཁྲོམ་རའི་རྣམ་པར་ཚད་བརྒལ་ཡོང་བ་བྱས་ནས་ཁེ་ལས་ལ་དྲ་ཐོག་ལས་སྟེགས་བསྐྲུན་ཏེ་ཐོན་ལས་མང་པོ་མཉམ་འདུས་དང་། ལེ་ལག་ཚང་བའི་མཐུད་སྦྲེལ། ཐུན་མོང་གཉེར་སྐྱོང་བཅས་ཆགས་པར་བྱས་ནས་ཆ་འཕྲིན་ཤར་བགྲོད་དང་ཐོན་ཁུངས་མཉམ་སྤྱོད་ཀྱིས་བོད་ཀྱི་དྲ་ཐོག་ཚོང་དོན་དང་ཚོང་དོན་ཟོག་འགྲེམས་འཕེལ་རྒྱས་ཡོང་བར་སྐུལ་མ་གཏོང་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།