འཚོལ་བཤེར།   
藏文频道
2016ལོའི་ཟླ་5ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཀོ་གྲུ་བཏང་སྟེ་ཟོག་འདྲེན་པ་ནས་གྲོང་སྤྱིའི་གཡེང་རྒྱུག་ནང་ཞུགས་པའི་བར་གྱི་འགྱུར་བ།

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཁྲེན་ཁའེ་དང་ལི་ལིན་ཧའེ་ཡིས།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 05ཚེས་06ཉིན། 10:43】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ནས་ཡིན་པའི་འདི་ལོ་ལོ་83ལ་སླེབས་པའི་ཉི་མ་ཚེ་རིང་གིས་ཆུང་བྱིས་པའི་དུས་ནས་ཕ་དང་དེ་བཞིན་རྒན་རབས་ཚོ་དང་མཉམ་དུ་ཀོ་གྲུ་བཏང་སྟེ་འབྲི་ཆུའི་ཐོག་དངོས་ཟོག་སྐྱེལ་འདྲེན་བྱས་ཡོད། “ སྔོན་མ་འབྲི་ཆུ་ལང་ལོང་ཆེ་ལ་རྦ་རླབས་ཀྱང་འཕྱུར་ཆེ། གྲུ་པ་ཚོས་གྲྭ་བཙུན་དང་། རྒན་རྒོན། བྱིས་པ་བཅས་འབྲི་ཆུ་སྒྲོལ་སྐབས་གྲུ་གླ་མི་ལེན་རྒྱུའི་ཁ་ཆད་བྱས། སྐབས་དེར་དཀའ་ངལ་ཆེ་ནའང་ཉིན་ལྟར་སྣང་བ་སྐྱིད་པོ་ཡོད”
         1963ལོར་འབྲི་ཆུའི་ཟམ་ཆེན་ཤར་གཏོང་ཐུབ་པ་དང་ཆབས་ཅིག་མི་རབས་ནས་མི་རབས་བར་ཀོ་གྲུར་བརྟེན་ནས་འབྲི་ཆུ་སྒྲོལ་བའི་འཚོ་བའང་སྐྱེལ་མཇུག་འགྲིལ།
         དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པར་གཡེང་རྒྱུག་མྱུལ་དཔྱད་པ་མང་པོས་ཡུལ་ཤུལ་དུ་ཡོང་ནས་ཀྲུང་གོའི་གཙང་གསུམ་ཆུ་འགོར་གཡེང་རྒྱུག་གི་སྤྲོ་སྣང་ཉམས་སུ་མྱངས། ཉི་མ་ཚེ་རིང་གིས་ཆུ་ངོགས་ནས་ཁོང་ཚོར་མིག་ཧྲིག་གེར་བལྟས་སྡོད་པ་དང་གཡེང་རྒྱུག་བྱེད་མཇུག་འགྲིལ་རྗེས་ཁོང་གིས་མྱུལ་དཔྱད་པ་ཚོ་རང་ཁྱིམ་དུ་སྤགས་བཟའ་བ་དང་ཇ་འཐུང་བར་འབོད་ཀྱི་ཡོད།
         “ངས་ཁོང་ཚོར་སྔོན་མ་འབྲི་ཆུའི་ཐོག་རང་ཉིད་ཀྱིས་ཀོ་གྲུར་བརྟེན་ནས་དངོས་ཟོག་དབོར་འདྲེན་བྱས་པའི་སྐོར་རྟག་ཏུ་ཤོད་ཀྱི་ཡོད། ཁོང་ཚོའི་ལུས་ཐོག་ནས་རང་ཉིད་ཀྱི་སྔོན་མའི་གཟུགས་བརྙན་མཐོང་གི་འདུག”ཅེས་ཉི་མ་ཚེ་རིང་གིས་བཤད་བྱུང་།
          ཡུལ་ཤུལ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཚའེ་ཁྲེང་ཡུང་གིས“ཡུལ་ཤུལ་གྱི་གཡེང་རྒྱུག་ལུས་རྩལ་རྣམ་གྲངས་བརྒྱུད་གཙང་གསུམ་ཆུ་འགོའི་སྙན་གྲགས་འཛམ་གླིང་ས་གནས་ཁག་ལ་ཁྱབ་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་བཤད་བྱུང་།
         2015ལོའི“གཡེང་རྒྱུག་ཀྲུང་གོ”ཞེས་པའི་འབྲི་ཆུའི་མཐར་ཐུག་གཡེང་རྒྱུག་འགྲན་བསྡུར་ཡུལ་ཤུལ་དུ་བྱས་ཡོད། 2016ལོར་ཡུལ་ཤུལ་གྱིས་གཡེང་རྒྱུག“འཛམ་གླིང་བུམ་པ”ཡི་འགྲན་བསྡུར་གཉེར་རེ་ཞུས་པ་དང་དེ་ལས་མྱུལ་དཔྱད་པ་སྔར་བས་མང་པོ་གཡེང་རྒྱུག་གི་ཉམས་འགྱུར་མྱོང་བར་ཡོང་རྒྱུའི་རེ་བ་བྱེད་ཀྱི་ཡོད།
         ལོ་35ལ་སླེབས་པའི་ཚེ་དབྱངས་ཀྱིས་དེ་སྔོན་དབྱར་ཁ་དབྱར་རྩྭ་དགུན་འབུ་འཐུས་པ་དང་དགུན་ཁ་ཚེམ་བུ་བརྒྱབ་ནས་འཚོ་བ་སྐྱེལ་ཞིང་། ད་ཆ་དེད་དཔོན་ཞིག་ཡིན་པའི་ཁོང་དང་ལས་རོགས་པད་མ་ལྷ་བཟང་གཉིས་ཀྱིས་གྲོང་སྤྱིའི་གཡེང་རྒྱུག་པར་གཡས་སྐྱོར་གཡོན་སྐྱོར་བྱ་རྒྱུའི་འགན་ཁུར་གྱི་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།