འཚོལ་བཤེར།   
藏文频道
2016ལོའི་ཟླ་5ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྥི་ཅི་རུ་2016ལོའི་སྤྲེལ་ལོའི་སྦྲག་འཛིན་འགྲེམས་སྤེལ་དངོས་སུ་བྱེད་པའི་མཛད་སྒོ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 05ཚེས་06ཉིན། 10:04】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཧྥི་ཅི་སྦྲག་འཛིན་ཚད་ཡོད་ཀུང་སི་དང་ཧྥི་ཅིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དང་ཧྥི་ཅི་ཀྲུང་གོའི་རིག་གནས་ལྟེ་གནས་ཀྱིས་ཚེས་4ཉིན་ཧྥི་ཅིའི་རྒྱལ་ས་སུ་ཝ་རུ་2016ལོའི་སྤྲེལ་ལོའི་སྦྲག་འཛིན་དང་ཡིག་སྐོགས་ཐོག་མ་འགྲེམས་སྤེལ་དངོས་སུ་བྱེད་པའི་མཛད་སྒོ་འཚོགས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། སྦྲག་འཛིན་ཆ་ཚང་དེ་འདི་ལོའི་ཟླ་3ཚེས་30ཉིན་འགྲེམས་སྤེལ་བྱས་ཟིན་ཡང་རྒྱ་མཚོའི་རླུང་འཚུབ“དབུན་སི་ཏུན”གྱི་ཤུགས་རྐྱེན་ཕོག་ནས་དངོས་སུ་འགྲེམས་སྤེལ་བྱེད་པའི་མཛད་སྒོ་དེ་ད་བར་ནར་འགྱངས་བྱས་པ་རེད།
         ཧྥི་ཅིའི་2016ལོའི་སྤྲེལ་ལོའི་སྦྲག་འཛིན་དེ་ཀྲུང་གོའི་འཇིམ་བརྐོས་མཁས་ཅན་ཞུས་ཧུང་ཧྥེས་ཇུས་འགོད་བྱས་པ་དང་ཁྱོན་བསྡོམས་བཞི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།