འཚོལ་བཤེར།   
藏文频道
2016ལོའི་ཟླ་5ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།“གངས་ལྗོངས་ཚངས་པའི་དབྱངས།---བོད་ལྗོངས་ནང་བསྟན་སྒྱུ་རྩལ་འགྲེམས་སྟོན”ཧྲན་ཞི་
    ཞིང་ཆེན་ཐའེ་ཡོན་གྲོང་ཁྱེར་དུ་གཤོམ་འགོ་བརྩམས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 05ཚེས་03ཉིན། 16:50】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།“གངས་ལྗོངས་ཚངས་པའི་དབྱངས།---བོད་ལྗོངས་ནང་བསྟན་སྒྱུ་རྩལ་འགྲེམས་སྟོན”ཧྲན་ཞི་
ཞིང་ཆེན་ཐའེ་ཡོན་གྲོང་ཁྱེར་དུ་གཤོམ་འགོ་བརྩམས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་21ཉིན་“གངས་ལྗོངས་ཚངས་པའི་དབྱངས།---བོད་ལྗོངས་ནང་བསྟན་སྒྱུ་རྩལ་འགྲེམས་སྟོན་”ཧྲན་ཞི་ཞིང་ཆེན་རྟེན་རྫས་བཤམས་མཛོད་ཁང་དུ་གཤོམ་འགོ་བརྩམས་པ་རེད། ཐེངས་འདིའི་འགྲེམས་སྟོན་ཏུ་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གི་དུས་རབས་11པ་ནས་དུས་རབས་20པའི་དུས་འགོའི་བར་གྱི་ཐང་ག་དང་། སྐུ་འདྲ། མཆོད་ཆས་སོགས་དངོས་རྫས་རིགས་102དྲག་འདེམས་བྱས་ནས་བཀྲམ་ཞིང་། བཤམ་རྫས་དེ་དག་གིས་བོད་བརྒྱུད་ནང་བསྟན་གྱི་སྐུ་འདྲ་ཡི་འབྱུང་ཁུངས་གཙོ་བོ་ཆེ་གྲས་འགའ་དང་། ཞལ་ཐང་མཚོན་བྱེད་བཞེངས་ལུགས།  རྒྱུ་ཆ་དམིགས་བསལ་ཅན་གྱི་ཞལ་ཐང་།  དེ་བཞིན་ཆོས་ཆས་དང་མཆོད་ཆས་བཟོ་དབྱིབས་འདྲ་མིན་སྣ་ཚོགས་བཅས་ནི་བོད་བརྒྱུད་ནང་བསྟན་གྱི་རིག་དངོས་གཙོ་བོ་ཁག་འདུས་པས། གཟིགས་མོ་བ་རྣམས་ལ་བོད་བརྒྱུད་ནང་བསྟན་རིག་གནས་ཀྱི་ནང་དོན་རགས་རིམ་འགྲེལ་བཤད་བྱས་པ་རེད།
    ༄༅།།“གངས་ལྗོངས་ཚངས་པའི་དབྱངས།---བོད་ལྗོངས་ནང་བསྟན་སྒྱུ་རྩལ་འགྲེམས་སྟོན”ཧྲན་ཞི་
ཞིང་ཆེན་ཐའེ་ཡོན་གྲོང་ཁྱེར་དུ་གཤོམ་འགོ་བརྩམས་པ།
    ༄༅།།“གངས་ལྗོངས་ཚངས་པའི་དབྱངས།---བོད་ལྗོངས་ནང་བསྟན་སྒྱུ་རྩལ་འགྲེམས་སྟོན”ཧྲན་ཞི་
ཞིང་ཆེན་ཐའེ་ཡོན་གྲོང་ཁྱེར་དུ་གཤོམ་འགོ་བརྩམས་པ།
      

    ཕྱོགས་བསྡུས་གསར་འགྱུར།