འཚོལ་བཤེར།   
藏文频道
2016ལོའི་ཟླ་5ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་སའི་ས་གཙང་སྐྱེས་པའི་ལན་ཆིའུ་སྤོ་ལོའི་རུ་ཁག་གིས་NBLནང་ཞུགས་རྒྱུར་གྲ་
    སྒྲིག་ཧུར་ཐག་བྱེད་བཞིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 05ཚེས་06ཉིན། 10:42】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པར་ལྷ་ས་ས་གཙང་སྐྱེས་པའི་ལན་ཆིའུ་སྤོ་ལོའི་སྐྱིད་སྡུག་ཚོགས་པ་ནས་ཤེས་རྟོགས་བྱུང་གསལ། ས་གཙང་སྐྱེས་པའི་ལན་ཆིའུ་སྤོ་ལོའི་རུ་ཁག་གིས་འདི་ལོ་CBAའགྲན་བསྡུར་ནང་ཞུགས་མྱོང་བའི་སྤོ་ལོ་རྒྱག་མཁན་9བསྡུས་པ་རྣམས་མིག་སྔར་ཟླ་5པའི་ཟླ་མཇུག་ཏུ་འགྲན་འགོ་ཚུགས་རྒྱུ་ཡིན་པའི་NBLའགྲན་བསྡུར་ནང་ཞུགས་རྒྱུའི་གྲ་སྒྲིག་ཧུར་ཐག་བྱེད་བཞིན་ཡོད།
          སྐྱིད་སྡུག་ཚོགས་པ་དེའི་ལས་འཛིན་ཚེ་བརྟན་རྡོ་རྗེས་ངོ་སྤྲོད་བྱས་པ་ལྟར་ན། ཚོགས་པ་དེས་ད་རེས་རུ་ཁག་གི་སྟོབས་ཤུགས་ལ་འགྱུར་ལྡོག་ཆེ་ཙམ་བཏང་ཡོད། རུ་ཁག་དེ་ཡོངས་ཀྱི་རུ་མི་12ཁྲོད་མི་གཉིས་སྔར་ནས་ལྷ་ས་ས་གཙང་རུ་ཁག་ནས་ཡིན་པ་ཕུད་དེ་བྱིངས་ཀྱི་སྤོ་ལོ་རྒྱག་མཁན་ཚང་མ་འདི་ལོ་གསར་དུ་སླེབས་པ་ཤ་སྟག་ཡིན་པ་རེད།
         ཤེས་རྟོགས་བྱུང་བ་ལྟར་ན། རྒྱལ་ཡོངས་ལན་ཆིའུ་སྤོ་ལོའི་རིམ་མཚུངས་མཉམ་འགྲན་(NBL)དེ་ཟླ་5ཚེས་28ཉིན་ཧྲའན་ཤིས་སུ་འགོ་ཚུགས་འགྲན་བསྡུར་གཉེར་རྒྱུ་དང་ལྷ་ས་རུ་ཁག་གི་འགྲན་བསྡུར་དང་པོ་དེ་ཟླ་5ཚེས་29ཉིན་ཡིན་པའི་གནས་སྐབས་གཏན་འཁེལ་བྱས་ཡོད།
         2015ལོར་བོད་ཀྱི་ལས་རིགས་ལག་རྩལ་རུ་ཁག་ཐོག་མ་ཡིན་པའི་ལྷ་སའི་ས་གཙང་སྐྱེས་པའི་ལན་ཆིའུ་སྤོ་ལོའི་རུ་ཁག་བཙུགས་པ་དེས་བོད་ལ་ལན་ཆིའུ་སྤོ་ལོའི་ཆེད་ལས་རུ་ཁག་མེད་པའི་སྟོང་ཆ་བསྐངས་ཡོད། 2015ལོའི་NBLཡི་འགྲན་བསྡུར་ནང་ལྷ་ས་ས་གཙང་རུ་ཁག་ལ་རྒྱལ་ཡོངས་ཀྱི་ཨང་བདུན་པ་ཐོབ་ནས་བོད་ཀྱི་ལན་ཆིའུ་སྤོ་ལོའི་ཆེད་ལས་རུ་ཁག་གི་ཉམས་འགྱུར་མངོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།