འཚོལ་བཤེར།   
藏文频道
2016ལོའི་ཟླ་5ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷོ་ཁའི་རྒྱ་ཚྭ་ས་ཁུལ་དུ་དབྱར་རྩྭ་དགུན་འབུ་རྐོ་བའི་དུས་སླེབས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 05ཚེས་05ཉིན། 14:20】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    གྲོང་མི་ཚོས་འཕྲུལ་རྟར་བཞོན་ནས་དབྱར་རྩྭ་དགུན་འབུ་རྐོ་བར་འགྲོ་བ།
    གྲོང་མི་ཚོས་འཕྲུལ་རྟར་བཞོན་ནས་དབྱར་རྩྭ་དགུན་འབུ་རྐོ་བར་འགྲོ་བ།
         མི་དམངས་དྲ་བའི་འཕྲིན། དབྱར་རྩྭ་དགུན་འབུ་ནི་ལུས་ཁམས་གསོ་བའི་སྨན་རིགས་རྩ་ཆེན་ཞིག་ཡིན་ལ། དེའི་འཚོ་བཅུད་གྲུབ་ཆ་དཀར་པོ་ཆིག་ཐུབ་ལས་ཀྱང་མང་པས། སྨན་དུ་སྡེབ་སྦྱོར་བྱས་ཆོག་པ་མ་ཟད། ཟས་སུའང་སྤྱད་ཆོག་པ་རེད། དབྱར་རྩྭ་དགུན་འབུ་ནི་རྩི་ཤིང་ཤ་མོའི་རིགས་ཤིག་ཡིན་ལ། ལོ་མ་མེད་པའི་གཞུང་རྟ་རྐྱང་པ་སྐྱེ། རྩ་བ་ནི་དབྱིབས་ནར་ནར་ཤ་འབུདང་མཚུངས་ཤིང་། རིང་ཚད་ལ་ལི་སྨི་9ནས་12བར་ཡོད།
         མིང་དུ་གྲགས་པའི་ལྷ་མོ་བླ་མཚོ་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་རྒྱ་ཚྭ་རྫོང་གི་ཚེ་ཆུ་ཤང་དུ་ཡོད་ཅིང་། ཤང་སྲིད་གཞུང་དང་ལྷ་མོ་བླ་མཚོའི་བར་ལམ་ཐག་སྤྱི་ལེ་ཁ་ཤས་ལས་མེད་པ་རེད། འདིར་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4300ལྷག་ཙམ་ཡོད་པས། གྲོང་ཚོའི་མཐའ་འཁོར་གྱི་རི་སྒང་དུ་དབྱར་རྩྭ་དགུན་འབུ་སྐྱེས་ཡོད་པ་རེད། ཟླ་4པའི་ཟླ་སྨད་དུ་གངས་ཆེན་ཞིག་བབས་རྗེས། གྲོང་མི་ཚོ་རི་འགོར་དབྱར་རྩྭ་དགུན་འབུ་རྐོ་རུ་འགྲོ་བཞིན་ཡོད། དགུན་དུས་གཅིག་རིང་ལ་ངལ་བ་གསོས་རྗེས། མི་ཚང་མ་གཉིད་ལས་སད་པ་ལྟར་ལོ་གསར་པའི་རེ་འདུན་གསར་པ་བསུ་བཞིན་ཡོད།
         ནག་ཆུ་ས་ཁུལ་དང་བསྡུར་ན་རྒྱ་ཚྭ་ས་ཁུལ་གྱི་ས་བབ་ནི་ཅུང་དམའ་བ་ཡོད། ཟླ་4པའི་ཟླ་སྨད་སྐབས་སུ་ས་ཆ་འདིར་དབྱར་རྩྭ་དགུན་འབུ་རྐོ་བའི་དུས་སུ་སླེབས་ཡོད་པརེད། དབྱར་རྩྭ་དགུན་འབུ་རྒྱ་མ་རེའི་རིན་གོང་སྒོར་ཁྲི་ཁ་ཤས་ནས་ཁྲི་བཅུ་ལྷག་བར་མི་གཅིག་པ་ཡིན་པས། དབྱར་རྩྭ་དགུན་འབུ་རྐོ་བ་ནི་གྲོང་མི་ཚོས་ཡོང་སྒོ་འཕར་བར་བྱེད་པའི་དོན་ཆེན་ཨང་དང་པོར་གྱུར་པ་རེད།
         གངས་རིའི་འདབས་ཀྱི་ས་ཆེན་པོ་འདི་ལ་དབྱར་རྩྭ་དགུན་འབུ་མང་བའི་དབང་གིས་མི་ཚང་མས་གཅེས་པར་འཛིན་ས་ཞིག་ཏུ་གྱུར་ཡོད་དེ། མི་ཚོས་ས་ཐོག་ནས་དབྱར་རྩྭ་དགུན་འབུ་རྐང་རེ་འཚོལ་བ་དང་ཆབས་ཅིག་ས་ཆ་འདི་དག་ལའང་བརྩེ་བ་ཟབ་མོ་ལྡན་པར་ཆགས་ཤིང་། ཁོང་ཚོས་དབྱར་རྩྭ་དགུན་འབུ་བརྐོས་རྗེས་ཀྱི་ཤུལ་དུ་ཡང་བསྐྱར་སྔར་གྱི་ས་དེ་ཕྱིར་འཇོག་བཞིན་ཡོད། ཁོང་ཚོས་ས་ཆ་ཡུག་ཆེན་འདི་སྲུང་སྐྱོང་ལེགས་པོ་བྱས་ན། ད་གཟོད་ཁོང་ཚོའི་འཚོ་བ་ནམ་ཡང་བདེ་ཞིང་སྐྱིད་པོ་ཡོང་བར་ཡིད་ཆེས་བྱེད་ཀྱི་ཡོད་པ་རེད།
    【1】  【2】  【3】  【4】  【5】  【6】  【7】  【8】
    ས་ལ་ཉལ་ནས་བློ་ཞིབ་མོས་དབྱར་རྩྭ་དགུན་འབུ་འཚོལ་བཞིན་པ།
    ས་ལ་ཉལ་ནས་བློ་ཞིབ་མོས་དབྱར་རྩྭ་དགུན་འབུ་འཚོལ་བཞིན་པ།
      

    ཕྱོགས་བསྡུས་གསར་འགྱུར།