འཚོལ་བཤེར།   
藏文频道
2016ལོའི་ཟླ་5ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།རྐང་འཁོར་བཞོན་ནས་བོད་ཀྱི་བྲག་གསུམ་མཚོ་བསྐོར་གྱི་འགྲན་བསྡུར་ནང་བུད་མེད་ཚོགས་
    ཆུང་གི་ཟིན་ཐོ་གསར་པ་བཏོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 05ཚེས་04ཉིན། 09:36】   (རྩོམ་སྒྲིག་འགན་འཁུར་པ། ཏིང་བཀྲ།)

     
    ༄༅།།རྐང་འཁོར་བཞོན་ནས་བོད་ཀྱི་བྲག་གསུམ་མཚོ་བསྐོར་གྱི་འགྲན་བསྡུར་ནང་བུད་མེད་ཚོགས་
ཆུང་གི་ཟིན་ཐོ་གསར་པ་བཏོད་པ།
         མི་དམངས་དྲ་བའི་འཕྲིན། ཉིན་གཉིས་རིང་འགྲན་བསྡུར་ཛ་དྲག་པོ་བྱས་པ་བརྒྱུད། བོད་ཀྱི་སྐབས་བཞི་པའི་བྲག་གསུམ་མཚོ་བསྐོར་གྱི་རྐང་འཁོར་བྱེས་བགྲོད་མྱུར་ཚད་འགྲན་བསྡུར་ཚེས་2ཉིན་མཇུག་འགྲིལ་ཞིང་། སི་ཁྲོན་ཁྲེང་ཏུའུ་ཡི་བདམས་ཐོན་པ་ཧུའུ་རུའུ་ཡིས་ཆུ་ཚོད་4དང་སྐར་མ་23དང་སྐར་ཆ་34ནང་འགྲན་བསྡུར་ལམ་ཚད་སྤྱི་ལེ་99བསྐྱོད་པས་བུད་མེད་ཚོགས་ཆུང་གི་འགྲན་བསྡུར་གྱི་ཟིན་ཐོ་གསར་པ་བཏོད་ཡོད།
         འགྲན་བསྡུར་གཙོ་གཉེར་ཕྱོགས་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། སྐབས་འདིའི་འགྲན་བསྡུར་ནང་ལྗོངས་ཕྱིའི་བདམས་ཐོན་པ་ལིའུ་ཡུས་ཧང་དང་། ཝུའེ་ཁུའེ། ཧོ་ཧའེ་སུང་བཅས་སོ་སོར་སྐྱེས་པའི་ཚོགས་ཆུང་གི་ཨང་དང་པོ་དང་། གཉིས་པ། གསུམ་པ་ཐོབ་པ་དང་། སྐབས་གོང་མའི་ཨང་དང་པོ་ཐོབ་མཁན་བོད་ཀྱི་བདམས་ཐོན་པ་ནོར་བུར་ཨང་བཞི་པ་ཐོབ་ཡོད། ཧུའུ་རུའུ་དང་། ཧོ་ཁྲུང་། ཐང་ཅིང་ཡན་བཅས་བདམས་ཐོན་པ་གསུམ་ལ་བུད་མེད་ཚོགས་ཆུང་གི་ཨང་དང་པོ་དང་། གཉིས་པ། གསུམ་པ་བཅས་སོ་སོར་ཐོབ་ཡོད།
         སྐབས་གོང་མའི་བུད་མེད་ཚོགས་ཆུང་གི་ཨང་གཉིས་པ་ཡིན་པའི་སི་ཁྲོན་ཁྲེང་ཏུའུ་ཡི་བདམས་ཐོན་པ་ཧུའུ་རུའུ་ཡིས“བྲག་གསུམ་མཚོའི་འགྲན་ལམ་གྱི་ཡུལ་ལྗོངས་ཧ་ཅང་མཛེས་པོ་འདུག ན་ནིང་ཨང་དང་པོ་ལེན་མ་ཐུབ་པས་བློ་ཕམ་བྱུང་། ད་རེས་བསམ་འདུན་བཞིན་གྲུབ་སོང”ཞེས་བཤད། འགྲན་བསྡུར་མ་བྱས་གོང་གི་ཉིན་གཉིས་རིང་དྲོད་ཚད་དམའ་བ་དང་ཆར་པ་སིམ་སིམ་བབས་པའི་རྐྱེན་གྱིས་འགྲན་བསྡུར་བྱེད་ཁག་ཏུ་སོང་ཡོད་མོད། འོན་ཀྱང་ཁོང་གིས་ཆུ་ཚོད་4དང་སྐར་མ་23དང་སྐར་ཆ་34ཡི་གྲུབ་འབྲས་ཐོག་ནས་བུད་མེད་ཚོགས་ཆུང་གི་ཟིན་ཐོ་དེ་སྐར་མ་5ཡིས་མགྱོགས་སུ་བཏང་ཡོད།
         བྲག་གསུམ་མཚོ་བསྐོར་གྱི་རྒྱལ་སྤྱིའི་རྐང་འཁོར་བྱེས་བགྲོད་མྱུར་ཚད་འགྲན་བསྡུར་དེ་2013ལོར་གཉེར་འགོ་ཚུགས་པ་དང་འགྲན་ལམ་ཧྲིལ་པོ་ས་བབ་སྨི་3600ལས་བརྒལ་ཞིང་། དེ་ནི་ད་བར་རང་རྒྱལ་གྱི་རྐང་འཁོར་བཞོན་ནས་མཚོ་སྐོར་བའི་ས་བབ་མཐོ་ཤོས་ཀྱི་འགྲན་བསྡུར་བྱ་ཡུལ་ཞིག་ཡིན། 
      

    ཕྱོགས་བསྡུས་གསར་འགྱུར།