འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།གངས་བབས་པའི་རྐྱེན་གྱིས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་ཁོངས་ཀྱི་རྒྱལ་ལམ་318
    དུ་གནས་སྐབས་འགྲིམ་འགྲུལ་བཀག་སྡོམ་བྱེད་དགོས་བྱུང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་24ཉིན། 10:24】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་སྤྱི་བདེ་ཅུས་ནས་ཤེས་རྟོགས་བྱུང་བར། གངས་བབས་པའི་རྐྱེན་གྱིས་རྒྱལ་ལམ་318ཀྱི་ཀོང་པོ་བར་ལའི་ལམ་རྒྱུད་འགྲོ་སྐྱོད་མི་བདེ་བར་གྱུར་པས་འགྲིམ་འགྲུལ་སྡེ་ཚན་གྱིས་བྱེད་ཐབས་སྤྱད་དེ་འགྲིམ་འགྲུལ་བཀག་སྡོམ་བྱས་ཡོད་པ་རེད།
         ས་གནས་ས་ཐོག་ཏུ་སྒྲིག་ལམ་སྲུང་བཞིན་པའི་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ལེང་ཀོང་ཝུན་གྱིས་གསར་འགོད་པར། མིག་སྔར་ལྷ་ས་ནས་ཉིང་ཁྲིར་སྐྱོད་པའི་རླངས་འཁོར་མང་ཙམ་འདུག རྒྱལ་ལམ་318ཀྱི་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་ནས་ཉིང་ཁྲིའི་ཀོང་པོ་རྒྱ་མདའ་རྫོང་བར་གྱི་ལམ་དུམ་བུར་བརླན་གཤེར་ཆེ་བ་མ་ཟད། ད་དུང་ལམ་དུམ་བུ་མང་པོ་ཞིག་ཏུ་འཁྱགས་པ་ཡང་ཐེབས་ནས་ཟོག་འདྲེན་རླངས་འཁོར་ཆེ་རིགས་འདྲེད་རྡབ་ཤོར་བ་དང་འགྲོ་སྐྱོད་དཀའ་པོ་བྱུང་ཡོད། རླངས་འཁོར་མང་པོ་ཞིག་འགག་པ་དང་འགྲིམ་འགྲུལ་བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་ངན་མངོན་གསལ་དོད་པོ་འདུག་ཅེས་བཤད་བྱུང་།
         གནས་ཚུལ་དེ་རིགས་ལ་དམིགས་ཏེ་ལྷ་ས་དང་ཉིང་ཁྲི་གྲོང་ཁྱེར་གཉིས་ཀྱི་ལམ་རྒྱུད་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་ལམ་དུམ་བུ་དེའི་ཐོག་སྐྱོད་པའི་འཁོར་རིགས་ཆེ་རིགས་ལ་ཆ་མཚོན་ན་ཕྱོགས་གཉིས་ནས་འགྲིམ་འགྲུལ་བཀག་སྡོམ་གྱི་བྱེད་ཐབས་སྤྱད་པ་དང་བྱེས་བགྲོད་རླངས་འཁོར་སོགས་འཁོར་རིགས་ཆུང་རིགས་ལ་དལ་གྱིས་བསྐྱོད་རྒྱུའི་ལམ་སྟོན་བྱེད་བཞིན་ཡོད། ལམ་རྒྱུད་ཀྱི་འགྲིམ་འགྲུལ་ཉེན་རྟོག་དང་། མངགས་གཏོང་ཁང་། གཞུང་ལམ་བདག་སྐྱོང་དུམ་བུ་སོགས་ཀྱི་མི་སྣས་གཞུང་ལམ་ཐོག་སྒྲིག་ལམ་སྲུང་བཞིན་ཡོད། འགྲིམ་འགྲུལ་སྡེ་ཚན་གྱིས་རྒྱ་ཆེའི་ཁ་ལོ་བ་ཚོར་རླངས་འཁོར་གཏོང་རིང་གཟབ་གཟབ་བྱེད་པ་དང་བཀོད་འདོམས་དང་ལེན་བྱས་ནས་འགྲོ་སྐྱོད་ཐད་ཀྱི་བདེ་འཇགས་འགན་ལེན་བྱེད་དགོས་པའི་དྲན་སྐུལ་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།