འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།བདེ་ཐང་སླར་གསོའི་རྣམ་གྲངས་20གཞི་རྩའི་སྨན་བཅོས་འགན་བཅོལ་ནང་བཅུག་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་24ཉིན། 10:36】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། བྱིས་པ་འོན་པའི་སྐད་ཡིག་སྦྱོང་བརྡར་དང་རང་མགོ་མི་ཐོན་པའི་རྒན་རྒོན་གྱི་གློག་སྒུལ་རམ་སྐྱོར་ཡོ་བྱད་སྦྱོང་བརྡར་སོགས་སྨན་བཅོས་དང་བདེ་ཐང་སླར་གསོའི་རྣམ་གྲངས་20སླད་ཕྱིན་སྨན་བཅོས་འགན་བཅོལ་གཏོང་སྤྲོད་ཀྱི་ཁྱབ་ཁོངས་ནང་འཇུག་རྒྱུ་རེད། ཉེ་ཆར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་སོགས་སྡེ་ཚན་གྱིས་《སྨན་བཅོས་དང་བདེ་ཐང་སླར་གསོའི་རྣམ་གྲངས་ཁག་གཅིག་གཞི་རྩའི་སྨན་བཅོས་འགན་བཅོལ་གཏོང་སྤྲོད་ཀྱི་ཁྱབ་ཁོངས་ནང་གསར་འཇུག་བྱ་རྒྱུའི་སྐོར་གྱི་བརྡ་ཐོ་》པར་འགྲེམས་བྱས་ཡོད། བརྡ་ཐོའི་ནང་། ས་གནས་ཁག་ལ་འདི་ལོའི་ཟླ་6ཚེས་30ཉིན་གོང་གསར་དུ་བསྣན་པའི་བདེ་ཐང་སླར་གསོའི་རྣམ་གྲངས་20སྨན་བཅོས་འགན་བཅོལ་གཏོང་སྤྲོད་ཀྱི་ཁྱབ་ཁོངས་ནང་འཇུག་དགོས་པ་དང་ཆབས་ཅིག་ས་གནས་ཁག་གི་དེ་སྔའི་གཏོང་སྤྲོད་ཁྱབ་ཁོངས་ནང་བཅུག་པའི་སྨན་བཅོས་དང་བདེ་ཐང་སླར་གསོའི་རྣམ་གྲངས་མུ་མཐུད་སོར་འཇོག་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
         མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་དོན། ད་རེས་རྣམ་གྲངས་20ཡི་ནང་དཔྱད་ཞིབ་གཏན་འཁེལ་གྱི་རྣམ་གྲངས་8ཡོད་པ་དེས་40%ཟིན་པ་དང་སྨན་བཅོས་ཀྱི་རྣམ་གྲངས་12ཡོད་པ་དེས་60%ཟིན་པ་དེ་ཐོག་ནས་སྨན་བཅོས་གཙོ་བོ་དང་དཔྱད་ཞིབ་གཏན་འཁེལ་ལ་ལྟ་རྟོག་བྱེད་པའི་བསམ་བློ་མངོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།