འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།གཞི་རིམ་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་བོད་ལྗོངས་ཀྱི་འཕེལ་རྒྱས་རྨང་གཞི་
    བརྟན་དུ་བཏང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་24ཉིན། 10:23】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། “ཟམ་ཆེན་དེའི་མིང་ལ‘བདེ་སྐྱིད་ཟམ་ཆེན’ཞེས་ཟེར། དེ་ནི་ང་ཚོའི་བདེ་སྐྱིད་ལྡན་པའི་འཚོ་བའི་མཚོན་རྟགས་ཡིན”ཞེས་གཞིས་རྩེ་གྲོང་ཁྱེར་ཉན་ལ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བུ་བཟང་ཚེ་རིང་གིས་གྲོང་ཚོའི་མདོ་ནས་རྒྱལ་ལམ་318ཁོངས་གཏོགས་ཀྱི་ལྷ་ས་ནས་གཞིས་རྩེ་དུམ་བུ་སྦྲེལ་མཚམས་ཀྱི་ཨར་འདམ་ཟམ་པ་དེར་མཛུབ་མོ་བཙུགས་ནས་བཤད། བདེ་སྐྱིད་ཟམ་ཆེན་དེ་ནི་གྲོང་ཚོར་བཅའ་སྡོད་བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་ལས་དོན་རུ་ཁག་གིས་རྣམ་གྲངས་མ་དངུལ་བརྩོན་ལེན་བྱས་ནས་བསྐྲུན་པ་ཞིག་རེད།
         བོད་རང་སྐྱོང་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་ཀྱིས་ལྗོངས་ཡོངས་ཀྱི་སྤྱིའི་མི་འབོར་གྱི་80%ཙམ་བཟུང་བ་དང་། དེ་དག་ལྗོངས་ཡོངས་ཀྱི་གྲོང་ཚོ་(གྲོང་ལྷན་)5465རུ་ཁ་ཐོར་དུ་གནས་སྡོད་བྱེད་ཀྱི་ཡོད། བོད་ཀྱིས་2011lལོ་ནས་བཟུང་། ལོ་ལྟར་ལས་བྱེད་པ་ཁྲི་2ལྷག་ཙམ་གྲོང་ཚོར་(གྲོང་ལྷན་)བཅའ་སྡོད་བྱེད་པར་མངགས་གཏོང་བྱས་ཏེ་ཏང་གིས་ཞིང་འབྲོག་ཁུལ་གྱི་གཞི་རིམ་གྱི་རྩ་འཛུགས་འཛུགས་སྐྱོང་བྱེད་པའི་ཐད་ཤུགས་སྣོན་ཆེན་པོ་རྒྱག་པ་དང་། བྱ་བ་དངོས་སྒྲུབ་པ་དང་། བྱ་བ་བཟང་པོ་སྒྲུབ་པ། མི་སེམས་གཅིག་ཏུ་སྒྲིལ་བ་བཅས་བྱས་པས་བརྟན་ལྷིང་དང་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་ཕྱིན་ཡོད་པ་རེད།
         2015ལོའི་ཟླ་5པ་བར། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོ་ཨུ་ལྷན་གཉིས་ཀྱི་ཚན་ཁག་གཞི་རྟེན་དུ་བྱས་ནས་མང་ཚོགས་ལ་དྭངས་གཙང་འཐུང་ཆུ་དང་། ནད་གཞི་ལྟ་བ་དང་སྨན་བཅོས་བྱེད་པ། སློབ་ཞུགས་ལས་ཞུགས་སོགས་ཐད་ཀྱི་མངོན་གསལ་དོད་པའི་གནད་དོན་ཁྲི་17ཐག་གཅོད་བྱེད་རོགས་བྱས་པ་དང་། བཅའ་སྡོད་གྲོང་ཚོར་(གྲོང་ལྷན་)དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་ལག་བསྟར་བྱེད་རྒྱུའི་དོན་ཚན་ཁྲི་6ཙམ་བཟོས་པ་དང་འཐུས་ཚང་དུ་གཏོང་རོགས་བྱས་པ། མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་དང་མཉམ་ལས་དཔལ་འབྱོར་རྩ་འཛུགས་འཛུགས་རྒྱུ་གཞི་རྟེན་དུ་བྱས་ནས་མང་ཚོགས་ལ་དངུལ་སྨར་ཡོང་འབབ་སྒོར་དུང་ཕྱུར་15འཕར་སྣོན་ཡོང་བ་བྱས་པས། གྲོང་ཚོའི་མཉམ་སྡེབ་ཀྱི་གོང་བུ་སྒྲིལ་ཤུགས་ཆེ་རུ་ནུས་ལྡན་ཕྱིན་ཡོད།
         ས་བབ་སྨི་5000ཙམ་ཡོད་པའི་མངའ་རིས་ས་ཁུལ་སྒེར་རྩེ་རྫོང་དུང་མཚོ་ཤང་ཚེ་རིང་མགོ་ལེབ་གྲོང་ཚོར་ཀྲུང་གོ་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་རོགས་སྐྱོར་བྱས་ནས་བསྐྲུན་པའི“གྲོང་ཚོའི་དཔལ་འབྱོར་མཉམ་ལས་ཁང”དེས་གྲོང་ཚོའི་མང་ཚོགས་ཚོར་ལོ་ལྟར་ཡོང་འབབ་སྒོར་ཁྲི་20ཙམ་ཡོང་གི་ཡོད། གྲོང་ཚོར་བཅའ་སྡོད་ལས་བྱེད་པ་མཐུ་སྟོབས་བཟང་པོས“འབྲོག་པ་མང་ཚོགས་ཚང་མས་མཐོང་ཐུབ་པ་དང་རྟོགས་ཐུབ་པའི་བྱ་བ་དངོས་དེ་ལྟ་བུར་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། ལས་དོན་དེ་རིགས་ཀྱིས་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཡག་ཏུ་ཕྱིན་ཡོད”ཅེས་བཤད།
         གཞན་ཡང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ད་དུང་གྲོང་ཚོའི་(ཨུ་ལྷན་)ཏང་རྩ་འཛུགས་ལ་ཏང་ཞུགས་ཧུར་བརྩོན་ཅན་གསོ་སྐྱོང་དང་ཏང་ཡོན་གསར་པ་འཕེལ་རྒྱས་གཏོང་རོགས་བྱས་པ་དང་། གྲོང་ཚོ་རིམ་པའི་རྩ་འཛུགས་ལ་གྲོང་སྲོལ་དམངས་ཆིངས་དང་། གྲོང་དོན་དང་ཏང་དོན་ཡོངས་བསྒྲགས། གྲོང་ཚོ་(ཨུ་ལྷན་)“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མིའི་གཞི་རྩའི་འགན་འཁྲི། “ཚོགས་འདུ་གསུམ་དང་སློབ་ཚན་གཅིག” ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་སོགས་ཀྱི་སྒྲིག་སྲོལ་ལམ་ལུགས་བཟོ་བ་དང་འཐུས་ཚང་དུ་གཏོང་རོགས་བྱས་པས། གཞི་རིམ་ཏང་རྩ་འཛུགས་ཀྱི་འགན་འཁྲི་ཁག་འཐུས་ཚང་དུ་ཕྱིན་ནས་འཐབ་འཛིང་མཁར་རྫོང་གི་ནུས་པ་འདོན་སྤེལ་ཐུབ་ཡོད།
         ངོས་འཛིན་གསལ་པོ་མེད་པ་དང་། ལས་ཀའི་ཞན་ཆ། ནུས་མེད་ཟབ་ཟོབ་སོགས་ཀྱི་གནད་དོན་ལ་དམིགས་ནས་བོད་ཀྱིས་ལྗོངས་ཡོངས་ཀྱི་ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་རྩིས་ཁྲ་བཟོ་བ་དང་། ཕུལ་བྱུང་ལས་བྱེད་པ་གྲོང་ཚོར་བསྐྱོད་དེ་ཧྲུའུ་ཅི་དང་པོའི་འགན་ཁུར་བར་མངགས་གཏོང་བྱས་ནས་ཏང་རྩ་འཛུགས་ལ་ནུས་མེད་ཟབ་ཟོབ་ཀྱི་གྲོང་ཚོ་ལེགས་བཅོས་བྱེད་རོགས་བྱས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། བོད་རང་སྐྱོང་ལྗོངས་ཀྱིས་གྲོང་ཚོ་(ཨུ་ལྷན་)གྱི་ལས་ཀའི་ཉམས་མྱོང་དེ་གཞི་རིམ་ནས་ལས་བྱེད་པ་གསོ་སྐྱོང་བྱེད་པའི་ལས་སྟེགས་གལ་ཆེན་དང་། ལས་བྱེད་པ་འདེམས་བསྐོ་བྱེད་པའི་གཞི་འཛིན་ས་གལ་ཆེན། ལས་བྱེད་པ་སྔོན་ལ་གོ་གནས་སྤོར་བའི་ཟློག་མེད་ཀྱི་ཆ་རྐྱེན་བཅས་ལ་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ་དང་ཆབས་ཅིག་རྫོང་དང་ཤང་གི་ཏང་སྲིད་ལས་ཁུངས་དང་སློབ་ཆེན་ཐོན་པའི“གྲོང་དཔོན”ཁྲོད་ནས་ལས་བྱེད་པ་གྲོང་ཚོ་(ཨུ་ལྷན་)དུ་ལས་འགན་སྒྲུབ་པར་གཏོང་ཤུགས་ཆེ་རུ་བཏང་སྟེ་གཞི་རིམ་ཏང་འཛུགས་སྐྱོང་ལ་མུ་མཐུད་ཤུགས་སྣོན་རྒྱག་པར་བརྟེན་ནས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་བཏང་ཡོད།
         གྲངས་གཞིའི་ཐོག་ནས་མངོན་པར་གཞིགས་ན། 2015ལོར་བོད་ཀྱི་ཞིང་འབྲོག་པ་མི་རེར་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་8244ཟིན་པ་དེ་ལོ་གོང་མ་ལས་12%འཕར་ནས་ལོ་13བསྟུད་མར་གྲངས་གནས་གཉིས་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།