འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།འཐུས་མིས་ཞིང་པའི་ཚབ་ཞུས་ནས་གཏམ་བཤད་གནང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་16ཉིན། 09:50】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།འཐུས་མིས་ཞིང་པའི་ཚབ་ཞུས་ནས་གཏམ་བཤད་གནང་བ།
         མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལིའུ་ཆིང་ནི་ཨན་ཧུའེ་ཞིང་ཆེན་ཧོའེ་ནན་གྲོང་ཁྱེར་ཕན་ཅི་ཆུས་ཀུའུ་ཀོའུ་ཧུའེ་རིགས་ཤང་གི་བ་ཕྱུགས་གསོ་ཚགས་བྱེད་མཁན་དུད་ཚང་ཆེ་གྲས་ཤིག་རེད། ཁོང་གིས་2001ལོ་ནས་བ་གསོའི་ལས་ལ་ཞུགས་ནས་ལོ་བཅུ་ལྷག་ཙམ་རིང་བྱ་གཞག་གསར་གཏོད་གནང་བ་བརྒྱུད་སྤྱིར་བཏང་གི་གྲོང་གསེབ་བུད་མེད་ཅིག་ནས་ད་ཆའི་བ་ཕྱུགས་གསོ་ཚགས་བྱེད་མཁན་དུད་ཚང་ཆེ་གྲས་ཤིག་ཏུ་གྱུར་བ་དང་ཆབས་ཅིག་མཐའ་འཁོར་གྱི་གྲོང་མིར་བ་གསོའི་ལས་ལ་ཞུགས་ནས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་བྱས་ཡོད། གཞི་རིམ་གྱི་འཐུས་མི་ཞིག་ཡིན་པའི་ལིའུ་ཆིང་གིས་སྔར་ནས་བཟུང་ཞིང་ལས་འཕེལ་རྒྱས་དང་། གྲོང་གསེབ་གསར་པ་འཛུགས་སྐྲུན། ཞིང་པའི་བྱ་གཞག་གསར་གཏོད། གཞིས་སྲུང་བྱིས་པ་སོགས་གྲོང་མི་ཚོས་སེམས་ཁུར་ཆེ་ཤོས་བྱེད་པའི་གནད་དོན་ལ་དོ་ཁུར་གནང་གི་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།