འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།འཐུས་མི་ལུའུ་ཀྲེ་ཆང་གིས་ཤང་གྲོང་དུ་ཞིབ་དཔྱོད་སྒྲིག་གཞི་བཙུགས་ནས་བཅའ་ཁྲིམས་ཀྱི་
    ལྟ་སྐུལ་ཁྱབ་རྒྱ་ཆེ་རུ་གཏོང་དགོས་ཞེས་གསུངས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་16ཉིན། 09:42】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། “ཤང་གྲོང་གི་སྲིད་དབང་མ་ལག་ཁྲོད་སྲིད་འཛིན་ལས་ཁུངས་དང་། འདྲི་གཅོད་ལས་ཁུངས། སྤྱི་བདེ་ལས་ཁུངས་ཚང་མར་འབྲེལ་ཡོད་ཀྱི་སྒྲིག་གཞི་ཡོད། ཡིན་ནའང་ཞིབ་བཤེར་ལས་ཁུངས་ཁོ་ན་ལ་སྒྲིག་གཞི་མེད”ཅེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཀན་སུའུ་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་ལུའུ་ཀྲེ་ཆང་གིས་ཤང་གྲོང་དུ་ཞིབ་དཔྱོད་ལས་དོན་གྱི་སྒྲིག་གཞི་བཙུགས་ནས་བཅའ་ཁྲིམས་ཀྱི་ལྟ་སྐུལ་ཁྱབ་རྒྱ་ཆེ་རུ་གཏོང་དགོས་པའི་གྲོས་འགོ་བཏོན་གནང་ཡོད།
         ལུའུ་ཀྲེ་ཆང་གིས་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མི་དམངས་ཞིབ་དཔྱོད་ཁང་གི་རྩ་འཛུགས་བཅའ་ཁྲིམས་》བཟོ་བཅོས་བྱེད་སྐབས“གཞི་རིམ་མི་དམངས་ཞིབ་དཔྱོད་ཁང་གིས་ལས་ཀའི་དགོས་མཁོར་གཞིགས་ཏེ་ཤང་གྲོང་དུ་ཞིབ་དཔྱོད་ཁང་བཙུགས་ནས་མངགས་གཏོང་ཚན་པར་བརྩི་ཆོག་པའི”གཏན་འབེབས་ཁ་སྣོན་བྱས་ཏེ་རྒྱལ་ཁབ་ཀྱི་བཅའ་ཁྲིམས་རིམ་ངོས་ནས་ཤང་གྲོང་ཞིབ་དཔྱོད་ཁང་གི་གནས་བབ་གཏན་འཁེལ་གྱིས་གཞི་རིམ་ཁྲིམས་ཁང་དང་། སྤྱི་བདེ་མངགས་གཏོང་ཁང་། ཁྲིམས་འཛིན་སུའོ་བཅས་ཀྱི་འགན་ནུས་དང་འབྲེལ་མཐུད་བྱས་ཏེ་ཤང་གྲོང་རིམ་ཁག་གི་ཁྲིམས་འཛིན་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་དུས་མཚུངས་ལེ་ལག་ཚང་བའི་འབྲེལ་ཡོད་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཆ་ཚང་བཏོན་ནས་ཤང་གྲོང་ཞིབ་དཔྱོད་ཁང་ལ་གཞུང་ལས་ཁང་དང་། སྒྲིག་གཞི། མི་སྣའི་སྒྲིག་ཁོངས། གཞུང་ལས་འགྲོ་གྲོན། འགན་འཁྲི་གཏན་འཁེལ་སོགས་ཐད་ཁ་གསལ་ལ་གཅིག་གྱུར་གྱི་གཏན་འབེབས་བཟོས་ནས་ཤང་གྲོང་ཞིབ་དཔྱོད་ཁང་ལ་སྒྲིག་གཞི་དང་སྒྲིག་ཁོངས་ཀྱི་གཞི་འཛིན་ས་དང་དངོས་སུ་ཡོད་པ་དང་། རྨང་གཞིའི་སྒྲིག་བཀོད་དང་འགྲོ་གྲོན་ས་ཁུལ་དེ་གའི་ནོར་སྲིད་གྱི་སྔོན་རྩིས་ནང་འཇུག་པ། ཤང་གྲོང་ཞིབ་དཔྱོད་ཁང་གི་ལས་ཀའི་འགན་འཁྲིར་གཙོ་གནད་ཐོག་གཞིགས་ཏེ་གཏན་འབེབས་བྱས་ཐོག་ཤང་གྲོང་དང་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་སྲིད་དོན་ཡོངས་བསྒྲགས་དང་། གལ་ཆེན་རྣམ་གྲངས་ཡོངས་བསྒྲགས། གལ་ཆེན་བྱ་བ་ཡོངས་བསྒྲགས་སོགས་ཡོངས་བསྒྲགས་བྱེད་དགོས་ངེས་ཀྱི་བྱ་བར་ལྟ་སྐུལ་བྱེད་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།