འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཨུ་རུ་སུས“ཀྲུང་ཨུའི་སྨྱན་སྦྱོར་སྤེལ་རེས་ལོའི”སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་16ཉིན། 09:36】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་11ཉིན། ཨུ་རུ་སུ་གཞུང་ཕྱོགས་ཁྲིམས་ལུགས་ཆ་འཕྲིན་དྲ་ཚུགས་ཀྱིས་ཡོངས་བསྒྲགས་བྱས་པའི་ཡིག་ཆར་གཞིགས་ན། ཚེས་7ཉིན་ཨུ་རུ་སུའི་ཙུང་ལི་མའེ་ཏེ་ཝེ་ཅེ་ཕུའུ་ཡིས་ཨུ་རུ་སུ་སྲིད་གཞུང་གི་བཀའ་རྒྱར་མིང་རྟགས་བཀོད་ནས་2016ལོ་ནས་2017ལོ་བར་གྱི“ཀྲུང་ཨུའི་སྨྱན་སྦྱོར་སྤེལ་རེས་ལོའི”བྱེད་སྒོའི་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་བཙུགས་པ་རེད།
         མའེ་ཏེ་ཝེ་ཅེ་ཕུའུ་ཡིས་ཨུ་རུ་སུ་ཕྱོགས་ཀྱི་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་དང་མཚུངས་པའི་ཀྲུང་གོ་ཕྱོགས་ཀྱི་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཁབ་གཉིས་པོའི་སྨྱན་སྦྱོར་སྤེལ་རེས་ལོའི་བྱེད་སྒོའི་འཆར་གཞི་གཙོ་བོ་ཐུན་མོང་ཐོག་ཞིབ་འཇུག་དང་གཏན་འཁེལ་བྱ་རྒྱུའི་བླང་བྱ་བཏོན་གནང་བ་རེད།
         དུས་མཚུངས་མའེ་ཏེ་ཝེ་ཅེ་ཕུའུ་ཡིས་ཨུ་རུ་སུ་ཕྱོགས་ཀྱི་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་མིང་ཐོར་ཆོག་མཆན་གནང་ཞིང་། ཨུ་རུ་སུ་ཕྱོགས་ཀྱི་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གྱི་ཀྲུའུ་ཞི་དེ་ཙུང་ལི་གཞོན་པ་ཀོ་ལོ་ཅེ་ཚེ་ཡིས་འགན་ཁུར་རྒྱུ་དང་ཁྱོན་མི་40ཡོད་པ་དེ་དག་ཨུ་རུ་སུའི་ཙུང་ཐུང་གཞུང་དོན་ཐིང་དང་། སྲིད་གཞུང་གཞུང་དོན་ཐིང་། ཕྱི་འབྲེལ་པུའུ། སྨྱན་སྦྱོར། ས་གནས་སྲིད་གཞུང་བཅས་སོ་སོ་ནས་ཡིན་པ་རེད།
         2015ལོའི་ཟླ་5ཚེས་8ཉིན། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་དང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་རྣམ་གཉིས་ཀྱིས་ཐུན་མོང་ཐོག་ཀྲུང་ཨུ་རྒྱལ་ཁབ་གཉིས་པོས་2016ལོ་ནས་2017ལོ་བར་གྱི“ཀྲུང་ཨུའི་སྨྱན་སྦྱོར་སྤེལ་རེས་ལོའི”བྱེད་སྒོ་སྤེལ་རྒྱུ་རེད། དེས་ན་ཀྲུང་ཨུའི་སྨྱན་སྦྱོར་མཉམ་ལས་དེ་རྒྱལ་ཁབ་ཀྱི་རིམ་ངོས་དང་འཐབ་ཇུས་མཐོ་ཚད་ཐོག་རིམ་སྤོར་བྱ་རྒྱུ་རེད་ཅེས་ཁྱབ་བསྒྲགས་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།