འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།2016ལོའི་ཉིང་ཁྲིའི་ཁམ་བུའི་མེ་ཏོག་རིག་གནས་ཡུལ་སྐོར་དུས་ཆེན་དེ་ཟླ་3ཚེས་
    23ཉིན་འགོ་ཚུགས་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་19ཉིན། 09:35】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། 2016ལོའི་བོད་ལྗོངས་ཉིང་ཁྲིའི་ཁམ་བུའི་མེ་ཏོག་རིག་གནས་ཡུལ་སྐོར་དུས་ཆེན་དེ་ཟླ་3ཚེས་23ཉིན་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀ་ལ་གྲོང་ཚོར་གཟབ་རྒྱས་ངང་གཉེར་འགོ་ཚུགས་རྒྱུ་ཡིན་པ་དང་། དེ་དུས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བས“གངས་ལྗོངས་ཀྱི་ཁམ་བུའི་མེ་ཏོག་བཞད་ཡུལ”གྱི་ཡིད་འོང་མཛེས་ལྗོངས་ལ་ལྟ་ཐུབ་རྒྱུ་རེད།
           གྲོང་ཁྱེར་དེའི་ཡུལ་སྐོར་ཅུས་ཀྱི་སྤྱི་བསྒྲགས་ནང་ད་ལོའི་ཉིང་ཁྲིའི་ཁམ་བུའི་མེ་ཏོག་རིག་གནས་ཡུལ་སྐོར་དུས་ཆེན་དེ“ཉིང་ཁྲིར་འཛོམས་ཏེ། མཛེས་པའི་ཀྲུང་གོའི་དཔྱིད་ཉམས་དོད་ཤོས་འཚོལ་བ”ཞེས་པ་བརྗོད་བྱ་གཙོ་བོར་བྱེད་པ་དང་། “ཁམ་བུའི་མེ་ཏོག་བཞད་ཡུལ”གྱི་མཛེས་ལྗོངས་ལ་ཡུལ་སྐོར་བས་ལྟ་བ་ཕུད། ད་དུང“ཁམ་བུའི་མེ་ཏོག་ལྷ་མོ”འདེམས་སྒྲུག་འགྲན་བསྡུར་དང་། “ཁམ་བུའི་མེ་ཏོག་མཛེས་པ། མི་རྟག་སྒྱུ་མའི་འཁྲུལ་སྣང”ཞེས་པའི་བརྗོད་བྱ་གཙོ་བོའི་པར་རྒྱག་གསར་རྩོམ། “ཁམ་བུའི་མེ་ཏོག་ལ་བལྟས་ནས་ལུས་ཁམས་གསོ་བའི”ཆུ་ཚན་ཡུལ་སྐོར། དེ་བཞིན“འཕྲུལ་སྣང་འཚོལ་བའི”སྒེར་འཁོར་གཏོང་བའི་ལྟ་སྐོར་སོགས་སུ་ཞུགས་ཆོག་གི་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།