འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་ཀོ་བ་དང་སྣམ་བུའི་ལག་འཚེམས་ལྟོ་ཕད་བྲིན་ཁ་རྒྱུག་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་11ཉིན། 14:34】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་བའི་ལོའི་ནང་བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འབོད་སྐུལ་བྱེད་པའི“ཀུན་གྱིས་བྱ་གཞག་གཏོད་པ་དང་ཚང་མས་གསར་གཏོད་བྱེད་པའི”ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གྱིས་བུད་མེད་མཉམ་ཚོགས་ཀྱི་རྩ་འཛུགས་ཀྱི་ལེགས་ཆ་མུ་མཐུད་བཏོན་པ་དང་རྒྱ་ཆེའི་བོད་རིགས་བུད་མེད་རྣམས་ལ་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་རྒྱུན་རྣམ་གསར་པའི་ཁྲོད་ལས་གཏོད་ལས་ཞུགས་ཡོང་བར་ཁྲིད་སྟོན་བྱས་ཏེ། ཆུ་ཤུར་རྫོང་གནམ་གྲོང་ཚོའི་ཨ་ཅག་འཁེལ་འཐག་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་དང་། གཞིས་རྩེའི་རྒྱལ་རྩེའི་ཕན་ཐོགས་སྣམ་བུ་ལས་སྣོན་ཞིང་པའི་མཉམ་ལས་ཁང་། གཞིས་རྩེའི་ལྷ་རྩེ་རྫོང་གི་གཞིས་ཆེན་ཤང་བལ་འཐག་ཆེད་ལས་མཉམ་ལས་ཁང་། ལྷ་རྩེ་རྫོང་སླེའུ་ཤང་ཤད་མ་སྤུ་ཕྲུག་ལས་སྣོན་བྲིན་ཚོང་ཞིང་པའི་ཆེད་ལས་མཉམ་ལས་ཁང་། ལྷོ་ཁ་རྒྱ་ཚ་རྫོང་དར་རྒྱས་བོད་བཟོའི་འཁེལ་འཐག་བཟོ་གྲྭ་བཅས་ལྔ་སྒྲིག་འཛུགས་བྱས་པ་ནི་ཞིང་པ་བུད་མེད་ཀྱིས་བཙུགས་པའི་མཉམ་ལས་ཁང་ཡིན་པ་དེ་དག་གིས་མི་རིགས་ཀྱི་ཁྱད་ལྡན་ལག་ཤེས་ཐོན་ཟོག་བཟོ་ཡི་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། གཞིས་རྩེའི་རྒྱལ་རྩེ་ཕན་ཐོགས་སྣམ་བུ་ལས་སྣོན་ཞིང་པའི་མཉམ་ལས་ཁང་གིས་ཇུས་འགོད་དང་ལག་འཚེམས་བརྒྱབ་པའི་ཀོ་བ་དང་སྣམ་བུའི་ལྟོ་ཕད་ཀྲུང་གོའི་དབྱི་ཝུའུ་རྒྱལ་སྤྱིའི་ཚོང་ཟོག་ཙག་ཙིག་དངོས་མང་སྟོན་ཚོགས་ཐོག་བཏོན་པར་འཛད་སྤྱོད་པ་དང་ཚོང་པ་མང་པོའི་ཡིད་ཀྱི་དབང་པོ་འཕྲོག་ནས་ཚང་མ་ཉོས་པ་མ་ཟད། ཚོང་པ་མི་ཉུང་བས་འཕྲལ་མར་ཚོང་ཟོག་མཁོ་སྤྲོད་ཀྱི་གན་རྒྱའང་བཞག་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།