འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ན་ནིང་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་འགྲུལ་པ་མི་ཐེངས་ཁྲི་363སྐྱེལ་འདྲེན་
    བྱས་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་11ཉིན། 14:30】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་1ཚེས་9ཉིན་གསར་འགོད་པས་དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2015ལོར་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་འགྲུལ་པ་མི་ཐེངས་ཁྲི་363སྐྱེལ་འདྲེན་བྱས་པ་དེ་ལོ་གོང་མའི་དུས་མཚུངས་ལས་15.2%འཕར་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།
         2015ལོར་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་ལྷ་ས་—ལན་ཀྲོའུ་—ཧྲི་ཅ་ཀྲོང་བར་དང་། ཆབ་མདོ་—ཁྲུང་ཆིང་—ཐེན་ཅིན་སོགས་བར་གྱི་མཁའ་ལམ་13བཏོད་དེ་གཉེར་སྐྱོང་མཁའ་ལམ་63ཟིན་པ་དང་། གནམ་གྲུ་གཏོང་ཐུབ་པའི་གྲོང་ཁྱེར་7འཕར་ནས། གནམ་གྲུ་ཤར་གཏོང་ཐུབ་པའི་གྲོང་ཁྱེར་40ཟིན་ཡོད། གནམ་ཐང་དུ་གནམ་གྲུ་ཐེངས་ཁྲི་3.6འཕུར་བབས་ཐུབ་རྒྱུ་དང་དངོས་ཟོག་ཏུན་ཁྲི་2.9འདོན་འཇུག་བྱ་རྒྱུའི་འགན་ལེན་བྱས་པ་དེ་ལོ་གོང་མའི་དུས་མཚུངས་ལས་16.8%དང་16.3%སོ་སོར་འཕར་ཡོད།
         ཉེ་བའི་ལོ་ཤས་རིང་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་རིམ་རྩིས་བརྒྱབ་ན། རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར་30ལྷག་ཙམ་བཏང་བས། ལྷ་ས་གོང་དཀར་གནམ་ཐང་ལྟེ་བར་བྱས་པ་དང་། ཉིང་ཁྲི་སྨན་གླིང་གནམ་ཐང་དང་། ཆབ་མདོ་སྤང་མདའ་གནམ་ཐང་། མངའ་རིས་དགུན་ས་གནམ་ཐང་། གཞིས་རྩེ་ཞི་བདེ་གནམ་ཐང་བཅས་ཡན་ལག་གནམ་ཐང་དུ་བྱས་པའི་མཁའ་ལམ་སྐྱེལ་འདྲེན་གྱི་དྲ་བ་ཞིག་ཆགས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་གྱུར་ཡོད།
         དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ཀྱིས་ཁྲེང་ཏུའུ་ནས་ལྷ་ས་བར་གྱི་མཁའ་ཐོག་མྱུར་ལམ་ཞིག་བཏོད་དེ་བོད་ནང་ཁུལ་གྱི་གནམ་ཐང་ནས་ཞིང་ཆེན་དང་གྲོང་ཁྱེར་ཁག་དབར་དང་ལྷག་པར་དུ་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས། འབྲི་ཆུའི་ཟུར་གསུམ་གླིང་། ཀྲུའུ་ཅང་གཙང་པོའི་ཟུར་གསུམ་གླིང་ས་ཁུལ་བཅས་བར་གྱི་མཁའ་ལམ་ཤར་གཏོང་བྱ་རྒྱུར་སྐུལ་མ་གཏོང་རྒྱུ་དང་། མཁའ་འགྲུལ་ཀུང་སིས་ད་དུང་ལྷ་ས་ནས་ཨེ་ཤེ་ཡ་ཤར་ལྷོ་དང་། ཨེ་ཤེ་ཡ་ལྷོ་མའི་བར་གྱི་རྒྱལ་སྤྱིའི་མཁའ་ལམ་གཏོད་རྒྱུར་སྐུལ་མ་བཏང་སྟེ་བོད་ཀྱི་ཕྱི་ཕྱོགས་སྒོ་དབྱེར་སྔར་བས་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།