འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།རི་པིན་དུ་མི་དང་མིའི་དབར་གྱི་འབྲེལ་བ་ཉིན་བཞིན་སྡུག་ཏུ་འགྲོ་དོན་གང་ཡིན་ནམ།  

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་13ཉིན། 14:14】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། དུས་རབས་གོང་མའི་ལོ་རབས་ལྔ་བཅུ་པར་རི་པིན་འདི་ཉིད་འཕེལ་རྒྱས་མྱུར་བའི་དུས་རབས་སུ་སླེབས་ཚུན། ཀྲུང་གོའི་རིག་གནས་ཀྱི་ཤུགས་རྐྱེན་ཟབ་མོ་ཐེབས་པའི་སྤྱི་ཚོགས་ཀྱི་སྲོལ་རྒྱུན་དང་། གོམས་གཤིས། གུས་ལུགས། ཁྱིམ་ཚང་གི་འདུ་ཤེས་སོགས་ལ་རྡབ་རྡེག་ཆེན་པོ་ཕོག་ཡོད། རི་པིན་ཁྱིམ་ཚང་དེ་མི་རབས་བཞི་འཛོམས་ཀྱི་ཁྱིམ་ཚང་ཆེན་པོའི་རིང་ལུགས་དེ“ཁྱིམ་རྒྱུད་ཀྱིས་ལྟེ་བ”བྱེད་པའི་ཁྱིམ་ཚང་ཆུང་ངུའི་རིང་ལུགས་ཕྱོགས་སུ་བསྒྱུར་བར་བརྟེན། ནང་མི་དང་ཁྱིམ་རྒྱུད་ལ་གཙིགས་ཆེན་བྱེད་པའི་འབྲེལ་བ་ཇེ་སྡུག་ཏུ་ཕྱིན་ཡོད། ལོ་ཉི་ཤུ་སུམ་ཅུའི་ནང་རི་པིན་གྱི་སྤྱི་ཚོགས་ན་རྒས་ཡིན་ལ་བུ་ཕྲུག་ཉུང་བའི་སྣང་ཚུལ་ཚབས་ཆེར་ཕྱིན་པར་བརྟེན་དེ་སྔའི་མི་དང་མིའི་དབར་གྱི་འབྲེལ་བ་དེ་བས་སྡུག་ཏུ་ཕྱིན་ཡོད།
         རི་པིན་དུ་སྡོད་མཁན་ཀྲུང་གོ་བ་ཚང་མར་རི་པིན་སྤྱི་ཚོགས་ནང་མི་དང་མིའི་དབར་འགྲོ་འོང་ཉུང་དུ་ཕྱིན་པ་དེ་ཀྲུང་གོ་དང་མི་འདྲ་བའི་ཚོར་སྣང་བྱུང་ཡོད།
         ལོ་གཅིག་ནང་རི་པིན་དུ་ལག་རྟགས་སྤྲོད་རེས་བྱེད་པའི་གོམས་གཤིས་གཉིས་ཡོད་པ་སྟེ། གཅིག་ནི་ཟླ་བ་བརྒྱད་པའི་ནང་ཀྲུང་ཡོན་དུས་ཆེན་གཏོང་སྐབས་ལག་རྟགས་སྤྲོད་པ་དང་། གཅིག་ཤོས་དེ་ལོ་མཇུག་གི་ཟླ་བཅུ་གཉིས་པར་ལག་རྟགས་སྤྲོད་རེས་བྱེད་པ་དེ་ཡིན། ལག་རྟགས་སྤྲོད་པའི་དུས་ཆེན་དེ་གཉིས་ཤར་སྐབས། རི་པིན་གྱི་བརྒྱ་ཟོག་ཚོང་ཁང་དང་སྒོ་རྩིས་ཚོང་ཁང་ཁག་དང་ཐ་ན་ཁྲོམ་གཞུང་དུ་ཡོད་པའི་ཚོང་ཁང་ཚང་མས་ལག་རྟགས་སྣ་ཚོགས་བཏོན་ཏེ། སྐུ་མགྲོན་བསྒུགས་ནས་སྡོད་ཀྱི་ཡོད།
         ལག་རྟགས་ཕལ་ཆེ་བ་རྒྱུན་མཁོའི་དངོས་རྫས་དཔེར་ན་ཨ་ཅོར་དང་། ཡི་ཙི། ཐབ་ཆས། རྒྱུན་དུ་མཁོ་བའི་ཁྱིམ་ཚང་གི་ཅ་དངོས་སོགས་ཡིན་པ་དང་བཟའ་བཅའི་གྲས་སུ་སྦི་རག་དང་དེ་མིན་གྱི་ཨ་རག་དང་། ཤིང་འབྲས། ཏན་ཞིམ། སྨན་སྣ། སྣུམ། འབྲས་སོགས་ཡིན། རིན་གོང་ཡང་རི་སྒོར་3000དང་སྒོར་6000(རི་སྒོར་100ལ་མི་དམངས་ཤོག་སྒོར་5.30ཡིན་པ)གྱི་རིན་གོང་སྣ་ཚོགས་ཡོད་པ་དང་རི་སྒོར་ཁྲི་གཅིག་ཡན་བྱེད་པའི་ལག་རྟགས་ཧ་ཅང་ཉུང་ཉུང་ཡིན། ལག་རྟགས་སྤྲོད་ས་ནི་ནང་མི་དང་། སྤུན་མཆེད། ལས་རོགས། གྲོགས་པོ་སོགས་རེད།
         ལག་རྟགས་ཆུང་ཡང་བརྩེ་སེམས་ཟབ། ལག་རྟགས་ལ་རིན་གོང་ག་ཚོད་སྤྲད་མིན་ལ་མི་ལྟ་བར། བརྩེ་དུང་ཇི་འདྲ་མཚོན་མེད་ལ་སྣང་འཇོག་བྱེད་ཀྱི་ཡོད། འོན་ཀྱང་ད་ཕན་ལོ་ཤས་ནང་། རི་པིན་དུ་མི་དང་མིའི་དབར་གྱི་སྤྱི་ཚོགས་འབྲེལ་བ་ཇེ་སྡུག་ཏུ་སོང་ཞིང་། ཕྱོགས་གཅིག་ནས་སྤྱི་ཚོགས་འབྲེལ་བ་དྲ་རྒྱར་ཁྱབ་པར་བརྟེན། མི་རྣམས་རྒྱུན་དུ་ཐུག་ཀྱང་དྲ་ཐོག་ནས་ཕན་ཚུན་གླེང་མོ་དང་འབྲེལ་བ་བྱེད་པ་དེས་མི་དང་མིའི་དབར་གྱི་འབྲེལ་བ་ཉེ་རུ་སོང་བས། མི་མང་པོ་ཞིག་གིས་ལག་རྟགས་སྤྲོད་རེས་བྱེད་པའི་སྲོལ་རྒྱུན་གྱི་འབྲེལ་བ་དེ་མེད་ཀྱང་འགྲིག་པའི་ངོས་འཛིན་བྱེད་ཀྱི་ཡོད། གཅིག་ཤོས་ནས་ན་གཞོན“དབུལ་པོ་ཅན”དུ་འགྱུར་བ་དེ་ཡང་རྒྱུ་རྐྱེན་ཞིག་ཡིན། རི་པིན་བའི་ཆ་སྙོམས་ཡོང་འབབ་ནས་བལྟས་ན། ལག་རྟགས་ཐད་དངུལ་མང་པོ་གཏོང་མི་དགོས་ཀྱང་། ཡོང་འབབ་ཉུང་བའི་ན་གཞོན་ཚོའི་ངོས་ནས་བརྗོད་ན། ཁུར་པོ་ཐོལ་པ་ཞིག་ཡིན། གཞན་ཡང་རི་པིན་གྱིས་གསར་དུ་བརྒྱབ་པའི་ཐོག་བརྩེགས་ཅན་གྱི་སྡོད་ཁང་གི་ཐོག་སོ་སོ་སོར་གསང་རྟགས་ཀྱི་སྒོ་ལྕགས་བསྒར་ཡོད་སྟབས། ཐོག་སོ་གཅིག་ནང་ལོ་མང་བསྡད་ཀྱང་གྲོང་མིའི་དབར་ཕན་ཚུན་འགྲོ་འོང་མེད་པས། གཞན་དང་དེ་ཙམ་འབྲེལ་བ་མི་བྱེད་མཁན་ལ་འབྲེལ་བ་དང་སྐད་ཆ་གཏོང་བའི་གོ་སྐབས་ཤོར་འགྲོ་གི་ཡོད།
         ཀྲུང་གོའི་སྤྱི་ཚོགས་ཁྲོད་རྒྱུན་དུ་མཐོང་རྒྱུ་ཡོད་པའི་ཐང་ཆེན་ཞབས་བྲོའི་ཐད་རི་པིན་བ་མང་པོས་ཡིད་སྨོན་བྱེད་བཞིན“ཀྲུང་གོ་བ་འཁྲུག་ཆར་དགའ་པོ་འདུག རྒས་ཀྱང་འཚོ་བ་བག་ཕེབས་ངང་སྐྱེལ་གྱི་འདུག ཀྲུང་གོའི་རྒན་རྒོན་དང་བསྡུར་ན་རི་པིན་གྱི་རྒན་རྒོན་ཧ་ཅང་ཡུལ་པོ་ཡོད”ཅེས་བཤད། སྤྱི་ཚོགས་ཀྱི་དགོས་མཁོ་དེར་གཞིགས་ནས། སྤྱི་ཚོགས་བྱེད་སྒོའི་མི་སྣས་ཀྲུང་གོ་དང་རི་པིན་གྱི་རྒན་རྒོན་སྒྲིག་འཛུགས་བྱས་ནས་སྤེལ་རེས་ལ་ཤུགས་སྣོན་རྒྱག་རྒྱུའི་བསམ་བློ་ཡོད་ལ། དེ་ནི་སྤྱི་ཚོགས་ཀྱི་དགོས་མཁོ་ཞིག་ཏུའང་འགྱུར་བར་མངོན།
      

    ཕྱོགས་བསྡུས་གསར་འགྱུར།