འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་མི་རིགས་སྐད་ཡིག་ལོ་ཙཱ་ཅུས་བཙུགས་ནས་ལོ་60འཁོར་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ། 

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་13ཉིན། 14:16】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་11ཉིན་པེ་ཅིང་མི་རིགས་རིག་གནས་ཕོ་བྲང་དུ“ཀྲུང་གོ་མི་རིགས་སྐད་ཡིག་ལོ་ཙཱ་ཅུས་བཙུགས་ནས་ལོ་60འཁོར་བའི་བཞུགས་མོལ་ཚོགས་འདུ”འཚོགས་པ་མ་ཟད། དེ་ཉིན་པེ་ཅིང་དུ་ཀྲུང་གོ་མི་རིགས་སྐད་ཡིག་ལོ་ཙཱ་ཅུས་བཙུགས་ནས་ལོ་60འཁོར་བའི་འགྲེམས་སྟོན་ཡང་འགོ་ཚུགས་པ་རེད།
         ཀྲུང་གོ་མི་རིགས་སྐད་ཡིག་ལོ་ཙཱ་ཅུས་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་ཁོངས་སུ་གཏོགས་པ་དང་། 1955ལོའི་ཟླ་12ཚེས་12ཉིན་ཙུང་ལི་ཀྲོའུ་ཨེན་ལའེ་ཡིས་ཆོག་མཆན་གནང་བ་བརྒྱུད་བཙུགས་པ་ཞིག་ཡིན་ཞིང་། དེ་ནི་རང་རྒྱལ་གྱི་རྒྱལ་ཁབ་རིམ་པའི་མི་རིགས་སྐད་ཡིག་ལོ་ཙཱའི་སྒྲིག་གཞི་གཅིག་པུ་དེ་ཡིན་པ་དང་། དེར་ནང་སོག་སྐད་ཡིག་ལས་དོན་ཁང་དང་། བོད་སྐད་ཡིག་ལས་དོན་ཁང་། ཡུ་གུར་སྐད་ཡིག་ལས་དོན་ཁང་། ཧ་སག་སྐད་ཡིག་ལས་དོན་ཁང་། ཁྲའོ་ཞན་སྐད་ཡིག་ལས་དོན་ཁང་། དབྱིས་རིགས་སྐད་ཡིག་ལས་དོན་ཁང་། ཀྲོང་རིགས་སྐད་ཡིག་ལས་དོན་ཁང་སོགས་སྡེ་ཚན་16ཡོད་པ་དང་རྒྱལ་ཁབ་རིམ་པའི་མི་རིགས་སྐད་ཡིག་ལོ་ཙཱའི་རིག་གཞུང་དུས་དེབ་《མི་རིགས་ལོ་ཙཱ་》ཞེས་པ་གཙོ་གཉེར་བྱེད་ཀྱི་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཅུས་དེ་བཙུགས་ནས་ལོ་60སོང་ཚུན། ཀྲུང་གོ་མི་རིགས་སྐད་ཡིག་ལོ་ཙཱ་ཅུས་ཀྱིས་ཁུར་བའི་སྐབས་རིམ་བྱུང་གི་རྒྱལ་ཡོངས་ཏང་གི་འཐུས་མི་ཚོགས་འདུ་དང་། མི་དམངས་འཐུས་ཚོགས། སྲིད་གྲོས་ཚོགས་འདུ་བཅས་ཀྱི་ཡིག་ཆ་ཡིག་སྒྱུར་དང་མགྲིན་གཅིག་ཏུ་སྐད་བསྒྱུར་བའི་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་ཟིན་པ་དང་། ནང་སོག་དང་། བོད་རིགས། ཡུ་གུར། ཧ་སག ཁྲའོ་ཞན། དབྱིས་རིགས། ཀྲོང་རིགས་བཅས་གྲངས་ཉུང་མི་རིགས་7གྱི་སྐད་ཡིག་ཐོག་ནས་གསུང་རབ་དང་། ཚད་ལྡན་ཡིག་ཆ། བཅའ་ཁྲིམས་ཁྲིམས་སྲོལ། ཚིག་མཛོད་དུས་དེབ་སོགས་འབོར་ཆེན་ཞིག་བསྒྱུར་ཏེ་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་དུ་ཏང་དང་རྒྱལ་ཁབ་ཀྱི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་དྲིལ་བསྒྲགས་བྱེད་པ་དང་། མི་རིགས་མཐུན་སྒྲིལ་དང་། སྤྱི་ཚོགས་བརྟན་ལྷིང་། རྒྱལ་ཁབ་གོང་བུ་གཅིག་གྱུར་བཅས་སྲུང་སྐྱོང་བྱེད་པ། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གྲངས་ཉུང་མི་རིགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་གཏོང་བ། མི་རིགས་སྐད་ཡིག་ལོ་ཙཱའི་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་རིག་གཞུང་སྤེལ་རེས་ལ་སྐུལ་འདེད་གཏོང་བ་བཅས་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།