འཚོལ་བཤེར།   
藏文频道
2015ལོའི་ཟླ་10ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་ཞིང་ཆེན་འབར་ཁམས་རྫོང་གི་སྐབས་ལྔ་པའི་རྒྱལ་རོང་སྐོར་བྲོ་རིག་གནས་ཡུལ་
    སྐོར་དུས་ཆེན་ཟླ་10ཚེས་23ཉིན་གཏོང་འགོ་རྩོམ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་21ཉིན། 13:56】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་16ཉིན་གསར་འགོད་པས་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་འབར་ཁམས་རྫོང་ཨུ་ལྷན་གྱི་དྲིལ་བསྒྲགས་པུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། རྒྱལ་རོང་ཀྱི་བོད་རིགས་རིག་གནས་དང་ལོ་རྒྱུས་ཕྱི་ཕྱོགས་ལ་ཁྱབ་སྤེལ་སྔར་ལས་ལེགས་པརབྱེད་ཆེད། སི་ཁྲོན་ཞིང་ཆེན་འབར་ཁམས་རྫོང་ཨུ་ལྷན་དང་རྫོང་སྲིད་གཞུང་གིས་གཙོ་གཉེར་བྱེད་པའི་སྐབས་ལྔ་པའི་རྒྱལ་རོང་སྐོར་བྲོ་རིག་གནས་ཡུལ་སྐོར་དུས་ཆེན་ཟླ་10ཚེས་23ཉིན་ནས་ཟླ་10ཚེས་26ཉིན་བར་སྨར་ཁམས་རྫོང་དུ་ སྤེལ་རེད། 
         ཤེས་རྟོགས་བྱུང་བ་ལྟར་ན། སྐབས་འདིའི་རྒྱལ་རོང་སྐོར་བྲོ་རིག་གནས་ཡུལ་སྐོར་དུས་ཆེན་གྱི་སྐབས་སུ་རྒྱལ་རོང་རིག་གནས་ཞིབ་གྲོས་ཚོགས་འདུ་འཚོག་རྒྱུ་དང་། གདོད་མའི་རྣམ་པའི་སྐོར་བྲོ་ཞབས་བྲོ་འཁྲབ་སྟོན་དང་འགྲན་བསྡུར་དང་།  ཐང་ག་འགྲེམས་སྟོན་དང་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་ཡིན་ཞིང་། བྱེད་སྒོ་འདི་དག་ཕན་ཚུན་མཉམ་འདྲེས་དང་ཕན་ཚུན་རྒྱན་སྤྲས་ཀྱིས་སྤེལ་བར་བརྟེན་ནས་རྒྱལ་རོང་བོད་རིགས་ཀྱི་རིག་གནས་སྔོག་འདོན་དང་། སྲུང་སྐྱོང་། རྒྱུན་འཛིན། དར་སྤེལ་བཅས་སྔར་ལས་ལེགས་པར་བྱེད་རྒྱུར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།