འཚོལ་བཤེར།   
藏文频道
2015ལོའི་ཟླ་9ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་
    པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བའི་རིག་རྩལ་མཚན་ཚོགས
    《རྒྱལ་ཁ་དང་ཞི་བདེ》ཞེས་པ་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་05ཉིན། 14:12】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་
པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བའི་རིག་རྩལ་མཚན་ཚོགས
《རྒྱལ་ཁ་དང་ཞི་བདེ》ཞེས་པ་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས་པ།
         མི་དམངས་དྲ་བའི་འཕྲིན། སྐད་གསང་མཐོན་པོས་རླངས་ཆེན་རྒྱལ་ཁར་བསྟོད། གློག་སྒྲོན་དག་ལས་ཞི་བདེའི་འོད་མདངས་བཀྲ། ཚེས་3གྱི་མཚན་མོར་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བའི་རིག་རྩལ་མཚན་ཚོགས《རྒྱལ་ཁ་དང་ཞི་བདེ》ཞེས་པ་པེ་ཅིང་གི་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འཚོགས་ཤིང་། ཞིས་ཅིན་ཕིང་དང་། ལི་ཁེ་ཆང་། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་རྒྱལ་ཁབ་ཕྱི་ནང་གི་མི་སྣ་6000དང་ལྷན་དུ་མཚན་ཚོགས་གཟིགས་ནས་ཐུན་མོང་ཐོག་གཟི་བརྗིད་ལྡན་པའི་ཉིན་མོར་དྲན་གསོ་ཞུས་པ་རེད།
         མི་དམངས་ཚོགས་ཁང་ཆེ་མོའི་མི་ཁྲིའི་ཚོམས་ཆེན་དུ་གློག་འོད་ཁྲ་ཆེམ་ཆེམ་འཕྲོ་ཞིང་། ཐོག་སོ་གཉིས་པའི་ལྟ་གཟིགས་སྟེགས་བུའི་སྟེང“ལོ་རྒྱུས་མ་བརྗེད་དཔའ་བོར་དྲན་གསོ་ཞུ། ཞི་བདེར་གཅེས་སྤྲས་འབྱུང་འགྱུར་གསར་པ་གཏོད”ཅེས་པའི་འཕྲེད་འགེལ་ཡི་གེ་བཀལ་ཡོད། གར་སྟེགས་དབུས་སུ“རྒྱལ་ཁ་དང་ཞི་བདེ”ཞེས་གསེར་མདོག་གི་ཡིག་ཆེན་ལྔའི་གཟི་བྱིན་རྣམ་པར་བཀྲ་ལ་མྱུ་ཁྱུད་དུ་འབྲེལ་བའི་ལྕགས་རི་རིང་པོའི་བཟོ་དབྱིབས་ཀྱིས་གར་སྟེགས་གཙོ་བོའི་རྒྱབ་ལྗོངས་ལེགས་པར་བརྒྱན་པ་དང་དེའི་གཞོགས་གཡས་གཡོན་གཉིས་སུ“ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་70འཁོར་བའི་དྲན་གསོའི་རྟགས་མ”ཞེས་སྒྲོམ་དུ་བཅུག་པ་གཟི་བྱིན་འབར་བ་ཞིག་ཡོད།
         མཚན་ཚོགས་འགོ་མ་བཙུགས་གོང་རི་འགོག་དམག་འཁྲུག་གི་འཐབ་འཛིང་རྒན་གྲས་དང་བློ་མཐུན་རྒན་གྲས་70དག་བྱིས་པའི་གདོང་ལེན་རུ་ཁག་གི་རུ་མི་ཚོས་མཐའ་སྐོར་བ་ཁོང་རྣམས་ཀྱིས་ཕྱག་ཏུ་མེ་ཏོག་འཁྱེར་བཞིན་ཚོམས་ཆེན་ཆེ་མོའི་གཟིགས་མོ་བའི་སྟེགས་བུའི་མདུན་དུ་བཞུགས། དེའི་ཚེ་ཚོགས་ར་ཡོངས་ནས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་བསྒྲགས་ཏེ་རྒྱལ་ཁ་དང་ཞི་བདེར་སུབ་ཐབས་བྲལ་བའི་བྱས་རྗེས་བཞག་པའི་ཁོང་ཚོར་གུས་འདུད་ཞུས་པ་རེད། ཅོང་སྒྲ་དལ་བུར་གྲགས་པ་དང་ལྷན་དུ་གར་སྟེགས་ཐོག་འཐབ་འཛིང་པ་རྒན་གྲས་ཤིག་གིས་ལོ་བདུན་ཅུའི་གོང་དཔུང་པ་མཉམ་གཤིབ་ངང་དམག་འཐབ་བྱེད་མྱོང་བའི་རི་འགོག་དཔའ་བོའི་གཟུགས་བརྙན་འགྲམ་དུ་བསྐྱོད་དེ་བརྩེ་བ་ཆེན་པོས་ལག་པས་རེག་ནས་འཁྲེང་སེམས་ཟབ་པོ་འཆང་བ་དང་། དེ་ནས་དུང་བརྡ་གྲགས་པ་དང་དར་དམར་ལྷབ་ལྷུབ་ཏུ་གཡོས་ནས་གར་སྟེགས་ཧྲིལ་པོ་རྒྱལ་ཁའི་ཐང་དུ་གྱུར་པ་དང་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་མི་རྣམས་ཀྱིས་དགའ་འབོད་བྱེད་ཅིང་མཉམ་དུ་སྐད་གསང་མཐོན་པོས《རྒྱལ་ཁའི་གླུ་དབྱངས》ལེན་ཞིང་། བློ་སྟོབས་རབ་འཕེལ་གྱི་འགྱུར་ཁུག་དང་དཔའ་ཉམས་དོད་པའི་གླུ་གཞས་ཀྱིས་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་རྒྱུར་སུབ་ཐབས་བྲལ་བའི་བྱས་རྗེས་འཇོག་མཁན་དཔའ་བོ་དཔའ་མོར་གུས་འདུད་ཞུས་ནས་མཚན་ཚོགས་ཧྲིལ་པོ་འགོ་ཚུགས་པ་རེད།
         མཚན་ཚོགས་ཧྲིལ་པོར་རི་འགོག་གི་ལོ་རྒྱུས་དུས་མཚམས་གལ་ཆེན་དང་དོན་རྐྱེན་དཔེ་མཚོན་རྒྱབ་ལྗོངས་སུ་བྱ་རྒྱུ་གཙོ་བོ་བྱས་ཐོག་རི་འགོག་གི་གླུ་གཞས་རྩེ་གྲ་བདམས་པ་དང་ཉམས་ཆེ་བའི་གླུ་གཞས་མཉམ་གཏོང་གིས་མཚོན་ཐབས་གཙོ་བོའི་ཁར་རོལ་ཆ་མཉམ་སྒྲོག་དང་མི་རིགས་ཀྱི་རོལ་དབྱངས་དང་། ཞབས་བྲོ། ཁྲང་ཞི། སྐབས་དོན་མཚོན་པའི་འཁྲབ་སྟོན། སྙན་ཚིག་གྱེར་འདོན། བརྙན་ལམ་མང་བ་སོགས་ཀྱི་སྒྱུ་རྩལ་ཐབས་ལམ་ཟུང་དུ་སྦྲེལ་ནས་བརྗོད་བྱ་ཁ་གསལ་ཞིང་གཙོ་རྐང་འབུར་དུ་ཐོན་པ་དང་། ཉམས་སྣང་ཆེ་བ། ཡར་སྐུལ་ཐེབས་ཤུགས་ཆེ་བའི་ཐོག་ནས་ཀྲུང་གོ་མི་དམངས་ཀྱིས་བཙན་འཛུལ་ལ་འགོག་རྒོལ་བྱེད་པའི་དཔའ་བོའི་རྒྱལ་ཁའི་གླུ་དབྱངས་བླངས་ནས་ཀྲུང་ཧྭའི་མི་རིགས་ཀྱིས་ཕྱིའི་བརྙས་བཅོས་ལ་རྒོལ་བའི་བརྗིད་ཆེའི་ལོ་རྒྱུས་སྙན་ཚིག་ཅིག་བརྩམས་པས་རི་འགོག་དམག་འཁྲུག་ནང་ཀྲུང་གོ་གུང་ཁྲན་ཏང་གིས་གཞོམ་མེད་བྲག་རི་ལྟ་བུའི་ནུས་པ་བཏོན་ནས་ཤར་ཕྱོགས་ཀྱི་དམག་ས་གཙོ་བོ་ཡིན་པའི་ཀྲུང་གོས་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ཆེད་སུབ་ཐབས་བྲལ་བའི་ལེགས་སྐྱེས་ཕུལ་བ་མཚོན་པར་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།