འཚོལ་བཤེར།   
藏文频道
2015ལོའི་ཟླ་7ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་ཚ་རྔ་འགག་སྣོད་བཅུད་ཡུལ་སྐོར་མཛེས་ལྗོངས་ཁུལ་སྒོ་ཕྱེ་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་19ཉིན། 14:49】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་མཚོ་སྔོན་ཞིང་ཆེན་གྱིས་A3རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཏེ། ཚ་རྔ་འགག་སྣོད་བཅུད་ཡུལ་སྐོར་མཛེས་ལྗོངས་ཁུལ་སྒོ་ཕྱེ་ཞིང་། སླད་ཕྱིན་ཚ་རྔ་འགག་སྣོད་བཅུད་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་སྐྱོད་མཁན་ཡུལ་སྐོར་བས་ཚ་རྔ་འགག་སྣོད་བཅུད་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་མཛེས་ལྗོངས་ལ་ལྟ་ཆོག་པ་མ་ཟད། ས་ཚལ་གྱི་ཏན་ཞ་ས་གཤིས་དང་རྨ་ཆུའི་ཆུ་རགས་དང་པོའི་བརྗིད་ཉམས་ལ་བལྟ་ཆོག་པ་དང་འབྲེལ། ད་དུང་ས་གནས་དེ་གའི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཉ་ཟས་ཀྱི་བྲོ་བ་ཡང་མྱོང་ཐུབ་རྒྱུ་རེད།
         ཚ་རྔ་འགག་སྣོད་བཅུད་ཡུལ་སྐོར་མཛེས་ལྗོངས་ཁུལ་དེ་རྨ་ལྷོ་ཀྲོའུ་གུང་ཧོ་རྫོང་དུ་ཡོད་པ་དང་། ཟི་ལིང་དང་བར་ཐག་སྤྱི་ལེ་146ཡོད་པས། མཚོ་སྔོན་གྱི་ཡུལ་སྐོར་ལམ་ཐིག་རྩེ་གྲའི་ལྟེ་གནས་ཀྱི་མཚམས་ཚིགས་ཐོག་གནས་ཡོད། མིག་སྔར་ཚ་རྔ་འགག་སྣོད་བཅུད་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་དུས་ཐེངས་ཐོག་མ་རྣམ་གྲངས་ཚང་མ་ལས་མཇུག་འགྲིལ་ནས་A3རིམ་པའི་ཚད་གཞིར་སླེབས་པ་དང་། སྒོ་ཕྱེ་བའི་ཡུལ་སྐོར་རྣམ་གྲངས་ནང་ས་ཚལ་རྒྱལ་ཁབ་ས་གཤིས་སྤྱི་གླིང་དང་། རྨ་ཆུའི་ཚ་རྔ་འགག་གྲོག་རོང་། ཚ་རྔ་འགག་ཆུ་འགྲམ་སྤྱི་གླིང་། ཚ་རྔ་འགག་ཆུ་རགས་བཅས་མཛེས་ལྗོངས་ཁུལ་བཞི་ཡོད། འཆར་འགོད་ས་ཁོངས་ཀྱི་ཕུན་སུམ་ཚོགས་པའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་རང་བྱུང་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས་མཚོ་སྔོན་ཞིང་ཆེན་གྱིས་ཚ་རྔ་མཚོ་སྣོད་བཅུད་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་འཕེལ་རྒྱས་དམིགས་ཚད་དེ་རྒྱལ་ཁབ་རིམ་པའི་ས་མཐོའི་གྲོག་རོང་གི་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་། རྒྱལ་ཁབ་རིམ་པའི་མྱུལ་དཔྱད་ཡུལ་སྐོར། ས་མཐོའི་ཚན་རིག་རྟོག་ཞིབ་དང་ཁྱབ་གདལ་རྟེན་གཞི། མཚོ་སྔོན་རྨ་ལྷོ་ཀྲོའུ་ཡི་ཡུལ་སྐོར་གནས་གཙོ་བོ་བཅས་སུ་གཏན་འཁེལ་བྱས་པའི་ནང་ཚན་རིག་རྟོག་ཞིབ་མྱུལ་དཔྱད་དང་། སྣོད་བཅུད་ལྟ་སྐོར། རིག་གནས་ཉམས་ལེན། སྤྲོ་གསེང་ལུས་རྩལ། ལུས་གསོ་སྤྲོ་གསེང་སོགས་ཕྱོགས་བསྡུས་ཀྱི་ནུས་པ་ལྡན་ཡོད་པ་རེད།
         ཤེས་རྟོགས་བྱས་པར་གཞིགས་ན། ཚ་རྔ་འགག་སྣོད་བཅུད་ཡུལ་སྐོར་མཛེས་ལྗོངས་ཁུལ་གཟབ་རྒྱས་ངང་སྒོ་ཕྱེ་བ་དེ་སྐུ་འབུམ་བྱམས་པ་གླིང་དང་མཚོ་སྔོན་པོའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དབར་ཡུལ་སྐོར་གྱི་གཙོ་ཐིག་གྲུབ་པ་དེས་མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་ཡུལ་སྐོར་ཐོན་ཁུངས་ཀྱི་ལེགས་ཆ་སྔར་བས་དྲིལ་བསྒྲགས་ཐུབ་རྒྱུ་མ་ཟད། རྨ་ལྷོ་ཀྲོའུ་ཡི་མིང་གྲགས་ཆེ་རུ་འགྲོ་རྒྱུ་དང་ཆབས་ཅིག མཚོ་སྔོན་གྱི་ཡུལ་སྐོར་ཁྲོམ་ར་རྒྱ་ཆེར་གཏོང་རྒྱུ་དང་རྒྱལ་ཁབ་རིམ་པའི་སྣོད་བཅུད་ཤེས་དཔལ་སྔོན་སྐྱོད་དཔེ་སྟོན་ཁུལ་བསྐྲུན་རྒྱུར་དགེ་མཚན་ལྡན་པའི་སྐུལ་ཁྲིད་ཀྱི་ནུས་པ་ཐོན་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།