འཚོལ་བཤེར།   
藏文频道
2015ལོའི་ཟླ་7ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཞིང་ཆེན་ཨུ་ལྷན་གྱི་ཧྲུའུ་ཅི་ཝང་ཏུང་མིང་གི་བཀའ་མངགས་ལྟར་ཧྥན་རུའེ་ཕིང་རྔ་བ་
    ཁུལ་དུ་བློ་གྲོས་རིན་ཆེན་གྱི་ཁྱིམ་མི་ཚོར་སེམས་གསོའི་འཚམས་
    འདྲི་བྱེད་པར་བསྐྱོད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་17ཉིན། 14:48】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། སི་ཁྲོན་ཞིང་ཆེན་ཨུ་ལྷན་གྱི་ཧྲུའུ་ཅི་ཝང་ཏུང་མིང་གི་བཀའ་མངགས་ལྟར་ཟླ་7ཚེས་15ཉིན་ནས་ཚེས་16ཉིན་བར་སི་ཁྲོན་ཞིང་ཆེན་ཨུ་ལྷན་གྱི་རྒྱུན་ཨུའམ་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཧྥན་རུའེ་ཕིང་གིས་ཆེད་དུ་བློ་གྲོས་རིན་ཆེན་གྱིས་ལས་ཀ་བྱེད་མྱོང་བའི་རྔ་བ་རྫོང་དང་ཁོང་གི་ཕ་མ་སྡོད་ས་མཛོད་དགེ་རྫོང་དུ་ཕྱིན་ཏེ་བློ་གྲོས་རིན་ཆེན་གྱི་ཁྱིམ་མི་དང་གཉེན་ཉེ་ཚོར་ཀྲུང་དབྱང་གི་དབུ་ཁྲིད་དང་ཞིང་ཆེན་ཨུ་ལྷན་གྱིས་ཐུགས་འཁུར་དང་སེམས་གསོའི་འཚམས་འདྲི་གནང་བ་བརྒྱུད་བསྒྲགས་བྱས་པ་རེད།
         ཟླ་6པའི་ཟླ་སྨད་དུ་རྔ་བ་རྫོང་དུ་དྲག་ཆར་ཆེན་པོ་བབས་ནས་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་བྱུང་བ་དང་། རྫོང་དེའི་ཀིརྟི་མ་གྲོང་ཚོའི་སློབ་ཆེན་སློབ་མའི་གྲོང་དཔོན་བློ་གྲོས་རིན་ཆེན་གྱིས་གནོད་ཐེབས་མང་ཚོགས་སྒྲིག་འཛུགས་བྱས་ཏེ་གེགས་སེལ་མྱུར་སྐྱོབ་བྱེད་སྐབས་གློ་བུར་དུ་ཤཱ་འོད་བྱུང་ནས་རྐྱེན་ལམ་དུ་ཤོར། ཁོང་གི་སྔོན་ཐོན་གྱི་མཛད་རྗེས་ལ་སྤྱི་ཚོགས་ཡོངས་ཀྱིས་དོ་སྣང་ཆེན་པོ་བྱས་པ་དང་། ཀྲུང་དབྱང་དང་སི་ཁྲོན་ཞིང་ཆེན་ཨུ་ལྷན་གྱི་འགོ་ཁྲིད་བློ་མཐུན་གྱིས་ཐུགས་འཁུར་ཆེན་པོ་གནང་ཞིང་། སྔ་གཞུག་ཏུ་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ནས་བློ་མཐུན་བློ་གྲོས་རིན་ཆེན་གྱི་སྔོན་ཐོན་མཛད་རྗེས་ལ་སློབ་སྦྱོང་དང་དྲིལ་བསྒྲགས་བྱ་དགོས་པ་དང་། ཁོང་གི་ཁྱིམ་མིའི་དངོས་ཡོད་ཀྱི་དཀའ་ངལ་ཐག་གཅོད་བྱེད་རོགས་བྱ་དགོས་པའི་བླང་བྱ་བཏོན་གནང་བ་རེད།
         ཧྥན་རུའེ་ཕིང་བློ་གྲོས་རིན་ཆེན་གྱི་ཁྱིམ་མི་ཚོ་དང་ཁ་འབྲལ་དུས། ཁོང་གིས་ཁུལ་དང་རྫོང་གི་འགོ་ཁྲིད་ཚོར་ངེས་པར་དུ་བློ་གྲོས་རིན་ཆེན་གྱི་ཁྱིམ་མིར་སེམས་འཁུར་དང་གཅེས་སྐྱོང་བཟང་པོ་བྱ་དགོས་པ་དང་། བོད་ཁུལ་གྱི་རིམ་པ་ཁག་གི་ཏང་ཡོན་ལས་བྱེད་པར་སེམས་འཁུར་བཟང་པོ་བྱས་ཏེ་ཁོང་ཚོས་གཞི་རིམ་དུ་རྐང་པ་འཛུགས་པ་དང་། མཐོ་སྒང་ལ་ལེགས་སྐྱེས་འབུལ་བར་སྐུལ་མ་གཏོང་དགོས་ཞེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།