འཚོལ་བཤེར།   
藏文频道
2015ལོའི་ཟླ་7ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྐོར་གྱི་དཔེ་སྐྲུན་འབྲས་བུ་རིགས་
    བརྒྱ་ཙམ་ཟིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་19ཉིན། 14:47】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་ནས་ཤེས་རྟོགས་བྱུང་བར། དུས་ཡོན་ལོ་5ཡི་རིང་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྐོར་གྱི་དཔེ་སྐྲུན་འབྲས་བུ་རིགས་བརྒྱ་ཙམ་ཟིན་ཡོད་པ་རེད།
         ཡོངས་ཁྱབ་ཞིབ་བཤེར་ལས་དོན་གྱི་འབྲས་བུ་སྲ་བརྟན་དུ་ཏན་ཏིག་བཏང་སྟེ། ཡོངས་ཁྱབ་ཞིབ་བཤེར་གྱི་འབྲས་བུ་མིག་མཐོང་ལག་ཟིན་ཐུབ་པའི་དཔྱད་གཞིའི་ཡིག་ཆར་འགྱུར་བར་བྱ་ཆེད། 2010ལོར་བོད་ཀྱིས“བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་རིམ་སྤེལ་དཔེ་ཚོགས”དང་སྒྲ་བརྙན་དཔེ་སྐྲུན་ལས་དོན་ཁྱོན་ཡོངས་ནས་སྤེལ་འགོ་བཙུགས་པར། མིག་སྔར་《ལྷ་མོའི་སྒྱུ་རྩལ་གནས་སྐོར》 《བོད་ཀྱི་དམངས་ཁྲོད་གླུ་གར་རགས་བཤད》 《བོད་ཀྱི་སྲོལ་རྒྱུན་ལྷ་མོའི་འཁྲབ་གཞུང་ཆེན་པོ་བརྒྱད་ཀྱི་རྣམ་ཐར་སྙིང་འདུས》 《གླིང་སྒྲུང》 《ཀྲུང་གོའི་ལྷ་མོའི་ལོ་རྒྱུས》 《གླུ་གར་གྱི་རྒྱ་མཚོ—ཞོལ་ཁང·བསོད་ནམས་དར་རྒྱས་ཀྱི་ཆེད་རྩོམ་གཅེས་བསྡུས》 《བོད་ཀྱི་ཕོ་བྲང་དང་ལྷ་ཁང་གི་མིང་འདོགས་སྲོལ—ཕོ་བྲང་པོ་ཏ་ལའི་གྱང་ལྡེབས་ཀྱི་ཡི་གེ་དང་བྱང་བུའི་ཡི་གེ་ཤར་འབེབས》 《བོད་རིགས་ཀྱི་ཐང་ག—ཀརྨ་སྒར་བྲིས་ལུགས》 《སྤོ་བོ་རྫོང་གི་བྲོ》 《ལྷ་རྩེའི་སྟོད་གཞས》 《ལྷོ་ཁའི་བྲོ》 《སྲོལ་རྒྱུན་ལྷ་མོའི་འཁྲབ་གཞུང་ཆེན་པོ་བརྒྱད》 《ཆབ་མདོའི་བྲོ་》སོགས་དཔེ་དེབ་དང་སྒྲ་བརྙན་ཐོན་རྫས་རིགས་བརྒྱ་ཙམ་དཔེ་སྐྲུན་བྱས་པ་རེད།
         དུས་མཚུངས་བོད་ཀྱིས་རྒྱལ་ཡོངས་ཀྱི་རིག་གནས་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་འདུ་འགོད་ཀྱི་གྲངས་འཛིན་ཐོན་ཁུངས་འཛུགས་སྐྲུན་ལས་དོན་དང་ཟུང་འབྲེལ་བྱས་ཏེ། བོད་ཀྱི་སྲོལ་རྒྱུན་ལྷ་མོའི་འཁྲབ་གཞུང་ཆེན་པོ་བརྒྱད་དང་། བོད་ཀྱི་ཞབས་བྲོའི་སྒྱུ་རྩལ། གླིང་སྒྲུང་བཅས་ཀྱི་བརྒྱུད་ལམ་སྣེ་མང་གྲངས་འཛིན་ཅན་གྱི་ལས་དོན་ལེགས་གྲུབ་ཟིན་པ་དང་དུས་མཚུངས། བོད་ཀྱི་རིམ་ཁག་རིག་གནས་སྡེ་ཚན་གྱིས་རིག་གནས་པུའི་གཅིག་གྱུར་བླང་བྱར་གཞིགས་ཏེ། ཡོངས་ཁྱབ་ཞིབ་བཤེར་བྱས་ནས་འཚོལ་བསྡུ་བྱས་པའི་ཡི་གེ་དང་། འདྲ་པར། བརྙན་ཟློས་སོགས་མཐོང་ཐོས་མྱོང་གྲུབ་ཀྱི་དཔྱད་གཞིར་རིགས་དབྱེ་བྱས་ཐོག ཡིག་ཚགས་ནང་བླུགས་པ་དང་། རང་སྐྱོང་ལྗོངས་དང་། ས་ཁུལ་དང་གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་གྲངས་གཞིའི་མཛོད་རགས་ཙམ་བསྐྲུན་ནས། ཚན་རིག་དང་མཐུན་པའི་ངང་སྲུང་སྐྱོབ་བྱ་རྒྱུར་ལས་ཀའི་རྨང་གཞི་བརྟན་པོ་བཏིང་ཡོད། དུས་མཚུངས་ཆབ་མདོ་གྲོང་ཁྱེར་རྒྱལ་ཡོངས་ཀྱི་གྲངས་འཛིན་ཅན་གྱི་ཚོད་ལྟ་བྱ་ཡུལ་ཚན་པར་བདམས་པ་དང་ཆབ་མདོའི་གླུ་གར་ཆེན་པོ་གསུམ་གྱི་གྲངས་འཛིན་ཅན་གྱི་འཛུགས་སྐྲུན་ལས་དོན་ཡང་ལེགས་གྲུབ་ཟིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།