འཚོལ་བཤེར།   
藏文频道
2015ལོའི་ཟླ་7ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་འདི་ཉིད་པར་ཙིར་གྱི་རྡོ་སྣུམ་ཕྱིར་གཏོང་ཁྲོམ་ར་གལ་ཆེན་ཞིག་ཏུ་གྱུར་རེ་ཡོད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་16ཉིན། 16:51】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། པར་ཙིར་གྱི་སྨྱན་སྦྱོར་ཐོག་ཉེ་ཆར་གནས་ཚུལ་སྤེལ་བ་གཞིར་བཟུང་། འདི་ལོའི་ཟླ་དང་པོ་ནས་ལྔ་པའི་བར་པར་ཙིར་གྱིས་ཀྲུང་གོར་རྡོ་སྣུམ་ཏུན་ཁྲི་540ཙམ་ཕྱིར་གཏོང་བྱས་ཤིང་། འདི་ལོ་ཀྲུང་གོ་འདི་ཉིད་ཨ་རི་ལས་བརྒལ་ནས་པར་ཙིར་གྱི་རྡོ་སྣུམ་ཉོ་མཁན་རྒྱལ་ཁབ་ཆེ་ཤོས་ཤིག་ཏུ་གྱུར་རེ་ཡོད་པ་རེད།
         《ཧྲེང་པའོ་ལུའོ་ཚགས་པར》ཐོག་པར་ཙིར་ཚོང་དོན་པུའི་བསྡོམས་རྩིས་གྲངས་གཞི་མཁོ་འདོན་བྱས་ནས་འདི་ལོའི་ཟླ་དང་པོ་ནས་ལྔ་པའི་བར་པར་ཙིར་གྱིས་ཀྲུང་གོར་རྡོ་སྣུམ་ཕྱིར་གཏོང་བྱས་པ་དེས་པར་ཙིར་གྱི་རྡོ་སྣུམ་སྤྱིའི་ཕྱིར་གཏོང་བསྡུར་གྲངས་ཀྱི་35%ཟིན་ནས་ཟིན་ཐོ་གསར་པ་བཏོད་མོད། འོན་ཀྱང་2006ལོའི་དུས་མཚུངས་དེ་6.3%ཁོ་ན་ལས་ཟིན་གྱི་མེད་ཅེས་བཤད།
         《ཧྲེང་པའོ་ལུའོ་ཚགས་པར》ཐོག་ཀྲུང་གོ་འདི་ཉིད་པར་ཙིར་གྱི་སྲན་ཆེན་དང་། ལྕགས་གཏེར། ཤོག་འདམ་བཅས་ཉོ་མཁན་རྒྱལ་ཁབ་ཆེ་ཤོས་དེ་ཡིན་པ་དང་། འདི་ལོའི་ལོ་འགོ་ནས་བཟུང་རྡོ་སྣུམ་གྱི་རིན་གོང་ཆག་པ་དང་བསྟུན་ནས་ཀྲུང་གོས་པར་ཙིར་གྱི་རྡོ་སྣུམ་ཉོ་ཤུགས་ཆེ་རུ་བཏང་ཡོད། གལ་སྲིད་རྡོ་སྣུམ་ཚོང་དོན་གྱི་འཕེལ་ཕྱོགས་མུ་མཐུད་དེ་ལྟར་བྱུང་ན། འདི་ལོ་ཀྲུང་གོ་འདི་ཉིད་ཨ་རི་ལས་བརྒལ་ནས་པར་ཙིར་གྱི་རྡོ་སྣུམ་ཉོ་མཁན་རྒྱལ་ཁབ་ཆེ་ཤོས་སུ་གྱུར་རེ་ཡོད་ཅེས་བསྟན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།