འཚོལ་བཤེར།   
藏文频道
2015ལོའི་ཟླ་7ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཝེ་ཐེ་ནམ་ནས་ན་ནིང་སྐྱེ་དངོས་རིགས་གསར་པ་70རྙེད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་16ཉིན། 16:49】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། འཛམ་གླིང་རང་བྱུང་ཐེབས་རྩ་ཚོགས་པས་ཉེ་དུས་ཡོངས་བསྒྲགས་བྱས་པའི་སྙན་ཞུ་ཞིག་ནང་2014ལོར་ཝེ་ཐེ་ནམ་ནས་སྲོག་ཆགས་དང་རྩི་ཤིང་རིགས་གསར་པ་ཁྱོན་70རྙེད་ཡོད་ཀྱང་དེའི་ཁྲོད་ཀྱི་སྐྱེ་དངོས་རིགས་ཁག་གཅིག་གི་འཚོ་གནས་ཐད་ཉམས་ཉེན་ཕྲད་ཡོད་ཅེས་འཁོད་ཡོད་པ་རེད།
         ཝེ་ཐེ་ནམ་གྱི་《དམངས་རིག་ཚགས་པར》གྱིས་ཚེས་5ཉིན་སྙན་ཞུ་དེའི་ནང་དོན་དྲངས་ནས་2014ལོར་མེ་ཀུང་གཙང་པོ་ཆེན་པོའི་ས་ཁོངས་ཕལ་པ་ནས་སྐྱེ་དངོས་རིགས་གསར་པ་139རྙེད་པའི་ནང་རྩི་ཤིང་རིགས་90དང་། གོག་བགྲོད་སྲོག་ཆགས་རིགས་23 སྐམ་གཤེར་གཉིས་བརྟེན་གྱི་སྲོག་ཆགས་རིགས་16 ཉ་རིགས་9 འོ་འཐུང་སྲོག་ཆགས་རིགས་1བཅས་ཚུད་ཡོད་པ་རེད།
         1997ལོ་ནས་2014ལོ་བར་མེ་ཀུང་གཙང་པོ་ཆེན་པོའི་ས་ཁོངས་ཕལ་པ་ནས་ཁྱོན་སྐྱེ་དངོས་རིགས་གསར་པ་2216རྙེད་པ་དང་ཆ་སྙོམས་གཟའ་འཁོར་རེར་སྐྱེ་དངོས་རིགས་གསར་པ་3རྙེད་ཀྱི་ཡོད་པ་རེད། འོན་ཀྱང་འཛམ་གླིང་རང་བྱུང་ཐེབས་རྩ་ཚོགས་པའི་མེ་ཀུང་གཙང་པོ་ཆེན་པོའི་རྣམ་གྲངས་ཚོགས་ཆུང་གི་རིགས་གཅིག་མཁས་ཅན་གྱིས་ས་ཁུལ་དེ་ནས་གསར་རྙེད་བྱུང་བའི་སྐྱེ་དངོས་རིགས་རྣམས་གཉོད་ཆུང་ཡིན་ཞིང་། གནམ་གཤིས་ལ་འགྱུར་ལྡོག་ཆེན་པོ་འགྲོ་བ་དང་བསྟུན་དེའི་ནང་གི་སྐྱེ་དངོས་རིགས་མང་པོ་ཞིག་ལ་རྩ་སྟོངས་སུ་འགྲོ་བའི་ཉེན་ཁ་ཕྲད་ཡོད་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།