འཚོལ་བཤེར།   
藏文频道
2015ལོའི་ཟླ་7ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཧན་གོས“ཡོ་རོབ་དང་ཨེ་ཤེ་ཡའི་དར་གོས་ལམ་བུའི་མཐུན་འབྲེལ་རིམ་འདས་མེ་འཁོར”
    གྱི་རྣམ་གྲངས་ལག་ལེན་བསྟར་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་16ཉིན། 16:48】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཚེས་14ཉིན་གྱི་སྔ་དྲོ་ཧན་གོའི“ཡོ་རོབ་དང་ཨེ་ཤེ་ཡའི་དར་གོས་ལམ་བུའི་མཐུན་འབྲེལ་རིམ་འདས་མེ་འཁོར”གྱི་རྣམ་གྲངས་ལག་ལེན་བསྟར་འགོ་ཚུགས་པའི་མཛད་སྒོ་དེ་ཧྲོའར་མེ་འཁོར་བབས་ཚུགས་སུ་སྤེལ་བ་རེད།
         “ཡོ་རོབ་དང་ཨེ་ཤེ་ཡའི་དར་གོས་ལམ་བུའི་མཐུན་འབྲེལ་རིམ་འདས་མེ་འཁོར”རྣམ་གྲངས་དེ་ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧུའེ་ཡིས་བཏོན་པའི“ཡོ་རོབ་དང་ཨེ་ཤེ་ཡའི་འཆར་གཞིའི”དཔེ་སྟོན་རྣམ་གྲངས་ཀྱི་གྲས་ཤིག་ཡིན་པ་དེ་ཡོ་རོབ་དང་ཨེ་ཤེ་ཡའི་རྒྱལ་ཁབ་དབར་གྱི་དཔལ་འབྱོར་མཉམ་ལས་ལ་ཤུགས་སྣོན་རྒྱག་ཕྱིར་ཁྲའོ་ཞན་ཕྱེད་གླིང་དང་། ཨུ་རུ་སུ། ཀྲུང་གོ་བཅས་འབྲེལ་མཐུད་བྱེད་པ་དང་ཡོ་རོབ་ལ་ཤར་གཏོང་ཐུབ་པའི་འགྲིམ་འགྲུལ་དྲ་བ་བསྐྲུན་རྒྱུར་བརྗོད་ཀྱི་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཧན་གོའི་ལས་རིགས་ཁག་ནས་ཡོང་བའི་རྣམ་གྲངས་ནང་ཞུགས་མཁན་མི་སྣ་250ལྷག་ཙམ་སོ་སོས་པེ་ཅིང་ནས་ཐོན་པའི་མེ་འཁོར་(ལྷོ་ལམ)དང་ཨུ་རུ་སུའི་ཧྥུའུ་ལ་ཏི་ཨའོ་སི་ཐོ་ཁེ་ནས་ཐོན་པའི་མེ་འཁོར་(བྱང་ལམ)བསྡད་ནས་ཨུ་རུ་སུའི་དབྱིའར་ཁུའུ་ཚེ་ཁོ་རུ་མཉམ་འཛོམས་བྱས་རྗེས་སླར་ཡང་མོ་སི་ཁོ་དང་ཕོ་ལན་གྱི་ཝར་སོ་སོགས་བརྒྱུད་འགྲུལ་ལམ་དེའི་ས་ཚིགས་མཐའ་མ་ཡིན་པའི་འཇར་མན་གྱི་པེར་ལིན་དུ་འབྱོར་གྱི་ཡོད་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་མེ་འཁོར་བསྡད་པའི་སྤྱིའི་ལམ་ཐག་སྤྱི་ལེ་ཁྲི་1.44ཟིན་པ་དང་དུས་ཡུན་ཉིན་20འགོར་གྱི་ཡོད་པ་རེད། ཧན་གོའི་སྨྱན་སྦྱོར་གྱིས་འགྲུལ་ལམ་དེ་ཡོ་རོབ་དང་ཨེ་ཤེ་ཡ་སྐམ་ས་ཆེ་མོ་འཕྲེད་བརྒལ་བྱེད་པའི“རྒྱང་སྐྱོད་ཆེ་མོའི”འགྲུལ་ལམ་ཡིན་པའི་དཔེ་འཇོག་གི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།