འཚོལ་བཤེར།   
藏文频道
2015ལོའི་ཟླ་6ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།མཐོ་རྒྱུགས་ཀྱི་རྒྱུགས་ཤོག་དཔྱད་གཟིགས་བྱ་རིམ་ཡོངས་ལ་ལྟ་སྐུལ་ཚོད་འཛིན་བྱས་ཡོད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་15ཉིན། 14:57】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།མཐོ་རྒྱུགས་ཀྱི་རྒྱུགས་ཤོག་དཔྱད་གཟིགས་བྱ་རིམ་ཡོངས་ལ་ལྟ་སྐུལ་ཚོད་འཛིན་བྱས་ཡོད་པ།
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀྲེ་ཅང་སློབ་ཆེན་གྱི་མཐོ་རྒྱུགས་ཀྱི་རྒྱུགས་ཤོག་དཔྱད་གཟིགས་བྱ་ཡུལ་དུ་དགེ་རྒན་བརྒྱ་ཕྲག་ཁ་ཤས་ཀྱིས་མཉམ་དུ་འདི་ལོའི་མཐོ་རྒྱུགས་ཀྱི་རྒྱུགས་ཤོག་དཔྱད་གཟིགས་གནང་བཞིན་ཡོད་ཅིང་། ཁོང་ཚོས་ཉིན་རེར་རྒྱུགས་ཤོག་དཔྱད་གཟིགས་ཆུ་ཚོད་8བྱེད་དགོས་ཀྱི་ཡོད། རྒྱུས་ལོན་བྱུང་བ་ལྟར་ན། འདི་ལོར་ཀྲེ་ཅང་ཞིང་ཆེན་དུ་མཐོ་རྒྱུགས་ལ་ཞུགས་མཁན་སློབ་མ་ཁྲི་31.79ཡོད་པ་རེད།
         མཐོ་རྒྱུགས་ཀྱི་རྒྱུགས་ཤོག་དཔྱད་གཟིགས་བྱེད་སྟངས་ནི་དྲ་ཐོག་ནས་དཔྱད་གཟིགས་བྱེད་སྟངས་ལག་བསྟར་བྱེད་པ་དང་། དྲིས་ལན་གཱ་བཤར་ཕབ་བྱེད་པ་དང་གསང་སྡོམ་གསོག་ཉར་བྱེད་པ་སོགས་ཚང་མ་གསང་བ་དམ་སྲུང་ཁོར་ཡུག་ནང་བྱེད་དགོས་ཀྱི་ཡོད། རྒྱུགས་ཤོག་དཔྱད་གཟིགས་བྱ་ཡུལ་གྱི་འཕྲིན་སྐྱེལ་བརྡ་རྟགས་ཚང་མ་སྒྲིབ་ཡོད་པ་དང་། མཐོ་རྒྱུགས་ཀྱི་རྒྱུགས་ཤོག་དཔྱད་གཟིགས་བྱེད་པའི་རྩིས་འཁོར་ཚང་མས་དྲ་རྒྱ་གཞན་དང་འབྲེལ་མཐུད་བྱས་མི་ཆོག་པ་མ་ཟད། རྒྱུགས་ཤོག་དཔྱད་གཟིགས་བྱེད་མཁན་དགེ་རྒན་ཚོའི་ལག་འཁྱེར་ཁ་པར་ཡང་དོ་དམ་ནན་པོ་བྱས་ཏེ་པར་རྒྱག་པ་དང་བརྡ་འཕྲིན་ཕྱིར་གཏོང་བྱས་མི་ཆོག་པ་རེད།
    ༄༅།།མཐོ་རྒྱུགས་ཀྱི་རྒྱུགས་ཤོག་དཔྱད་གཟིགས་བྱ་རིམ་ཡོངས་ལ་ལྟ་སྐུལ་ཚོད་འཛིན་བྱས་ཡོད་པ།
    ༄༅།།མཐོ་རྒྱུགས་ཀྱི་རྒྱུགས་ཤོག་དཔྱད་གཟིགས་བྱ་རིམ་ཡོངས་ལ་ལྟ་སྐུལ་ཚོད་འཛིན་བྱས་ཡོད་པ།
      

    ཕྱོགས་བསྡུས་གསར་འགྱུར།