འཚོལ་བཤེར།   
藏文频道
2015ལོའི་ཟླ་6ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་གྲོ་མོའི་མཐའ་མཚམས་ཀྱི་ཚོང་དོན་དར་རྒྱས་ཆེ་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་16ཉིན། 09:44】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་ལྗོངས་གྲོ་མོའི་མཐའ་མཚམས་ཀྱི་ཚོང་དོན་དར་རྒྱས་ཆེ་བ།
         མི་དམངས་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་རྒྱ་གར་གྱི་དམངས་ཁྲོད་མཐའ་མཚམས་ཉོ་ཚོང་ལོ་རེ་བཞིན་འཕར་བའི་རྣམ་པ་ཐོན་ནས་ན་ནིང་ཕྱོགས་གཉིས་པོའི་ཉོ་ཚོང་དངུལ་གྲངས་སྒོར་ཁྲི་དགུ་སྟོང་ལྷག་ཙམ་ཟིན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། མཐའ་དར་དམངས་ཕྱུག་གི་སྲིད་ཇུས་དོན་འཁྱོལ་ཏན་ཏིག་བྱ་ཆེད། འགག་སྒོ་ལས་ཁུངས་ཀྱིས་མཐའ་མཚམས་ཡུལ་མི་རེས་ཐེངས་རེར་སྒོར་8000རི་བའི་དཔྱ་ཁྲལ་ཆག་ཡང་གི་ཐོན་རྫས་ནང་འདྲེན་བྱེད་ཆོག་པའི་གཏན་འབེབས་བྱས་ནས་མཐའ་མཚམས་ཉོ་ཚོང་དར་རྒྱས་ཡོང་རྒྱུར་སྐུལ་འདེད་བཏང་བ་རེད། གྲོ་མོ་རྫོང་དུ་ལོ་ལྟར་རྣ་ཐོས་ལའི་མཐའ་མཚམས་བགྲོད་ལམ་བརྒྱུད་མཐའ་མཚམས་ཚོང་དོན་ནང་ཞུགས་མཁན་ཡུལ་མི་ཧ་ལམ་300ལྷག་ཙམ་ཟིན་གྱི་ཡོད་པ་དང་། ནང་འདྲེན་བྱས་པའི་ཚོང་ཟོག་ནང་འབྲས་དང་། བཟའ་སྣུམ་སོགས་འཚོ་བའི་མཁོ་ཆས་དང་དེ་བཞིན་མཆོད་རྫས་སོགས་ཚུད་པ་དང་ཆ་སྙོམས་དུད་ཚང་རེར་ཡོང་འབབ་སྒོར་ཁྲི་10ལྷག་ཙམ་ཟིན་ཞིང་། འདི་ནི་ཟླ་6ཚེས་14ཉིན་གཞིས་རྩེ་འགག་སྒོའི་གྲོ་མོ་ལས་དོན་ས་ཚིགས་ཀྱི་ལས་དོན་མི་སྣས་(གཡོན)རྣ་ཐོས་ལའི་མཐའ་མཚམས་ཉོ་ཚོང་ལམ་ཆེན་སྒྲོལ་བའི་ཚོང་ཟོག་ལ་ཞིབ་བཤེར་བྱེད་པའི་གནས་ཚུལ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།