༄༅།།བོད་རང་སྐྱོང་ལྗོངས་སུ་ལོ་བཅུའི་རིང་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་
གྲུབ་འབྲས་འགྲེམས་སྟོན་བྱས་པ།
གསར་འགྱུར་སྤེལ་དུས། 【2015ལོའི་ཟླ་ 06ཚེས་14ཉིན། 07:53】 (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)
མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་12ཉིན་ཏེ་ཀྲུང་གོའི་སྐབས་བཅུ་བའི"རིག་གནས་ཤུལ་བཞག་ཉིན་མོ"འཆར་བའི་ཉིན་སྔོན་མ་དེར། བོད་རང་སྐྱོང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་ལས་དོན་སྤེལ་བའི་ལོ་བཅུའི་རིང་བླངས་པའི་གྲུབ་འབྲས་དེ་མངོན་པའི་བོད་རང་སྐྱོང་ལྗོངས་སྐབས་གཉིས་པའི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་གྲུབ་འབྲས་འགྲེམས་སྟོན་དེ་ལྷ་ས་གྲོང་ཁྱེར་དུ་སྤེལ། རྒྱལ་ཁབ་རིམ་པ་དང་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུད་འཛིན་མི་སྣ་ཚོས་འགྲེམས་སྟོན་ཡུལ་དངོས་ནས་རང་རང་གི་རྩལ་ནུས་དེ་གཟིགས་མ་བ་ཚོར་ངོམ་པ་རེད།
【1】
【2】
【3】
【4】
【5】