འཚོལ་བཤེར།   
藏文频道
2015ལོའི་ཟླ་6ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།སླད་ཕྱིན་ཆུ་ལོག་གི་གནས་ཚུལ་ཐོན་ཉེན་ཆེ་བའི་ངོས་འཛིན་བྱས་པ།

    རིགས་གཅིག་མཁས་ཅན་གྱིས་ཆར་ཆུ་རྒྱས་ཚུལ་ལ་མཉམ་གྲོས་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་16ཉིན། 09:26】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་ཚེས་13ཉིན། ཀྲུང་གོ་གནམ་གཤིས་ཅུས་དང་ཆུ་བེད་པུའུ་ཡི་རིགས་གཅིག་མཁས་ཅན་གྱིས་སླད་ཕྱིན་རང་རྒྱལ་གྱི་ཆར་པ་འབབ་ཚུལ་དང་ཆུ་རྒྱས་ཚུལ་ལ་མཉམ་དུ་གྲོས་བསྡུར་བྱས་པ་རེད། ཕྱོགས་གཉིས་པོས་ཆར་ཆུ་འབེལ་བའི་དུས་ལ་སླེབས་རྗེས་རང་རྒྱལ་དུ་དྲག་ཆར་བབས་མང་བ་དང་ཆར་པ་འབབ་ཡུལ་གཙོ་བོ་གཅིག་སྡུད་ཆེ་བས་སླད་ཕྱིན་ཆུ་ལོག་གི་གནས་ཚུལ་ཐོན་ཉེན་ཆེ་བས་ཆུ་རྒྱས་ཚུལ་འགྱུར་ལྡོག་འགྲོ་ཚུལ་རྗེས་སྙེགས་དམ་ཟབ་བྱེད་དགོས་པའི་ཐུན་མོང་གི་ངོས་འཛིན་བྱས་པ་རེད།
         གྲོས་བསྡུར་བྱེད་སྐབས་ཀྲུང་གོ་གནམ་གཤིས་ལྟེ་གནས་དང་རྒྱལ་ཁབ་གནམ་གཤིས་ལྟེ་གནས་ཀྱིས་ཆུ་རྒྱས་པའི་དུས་སུ་སླེབས་པ་ནས་བཟུང་། རང་རྒྱལ་གྱི་གནམ་གཤིས་ཁྱད་ཆོས་ངོ་སྤྲོད་བྱས་པ་དང་། སླད་ཕྱིན་གནམ་གཤིས་འགྱུར་ལྡོག་འགྲོ་ཚུལ་དང་དེ་བཞིན་ཟླ་དྲུག་པའི་ཟླ་མཇུག་གི་ཆར་པ་འབབ་ཚུལ་ལ་དབྱེ་ཞིབ་སྔོན་དཔྱད་བྱས་པ་རེད། ཆུ་བེད་པུའུ་ཆུ་དཔྱད་ཅུས་སྔོན་བརྡ་ལྟེ་གནས་ཀྱིས་དེང་གི་ཆར་འབབ་ཚུལ་དང་སླད་ཕྱིན་གྱི་འགྱུར་ལྡོག་འགྲོ་ཚུལ་ལ་སྔོན་དཔྱད་དབྱེ་ཞིབ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།