འཚོལ་བཤེར།   
藏文频道
2015ལོའི་ཟླ་6ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།འབྲི་ཆུའི་ཆུ་འགོའི་ཁྲུང་ཁྲུང་མགོ་ཁྲ་སྲུང་མཁན།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་06ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།འབྲི་ཆུའི་ཆུ་འགོའི་ཁྲུང་ཁྲུང་མགོ་ཁྲ་སྲུང་མཁན།
         མི་དམངས་དྲ་བའི་འཕྲིན། འདི་ལོར་ལོ་28ལ་སོན་པའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་བླངས་པ་ཚེ་རིང་འབྲི་ཆུའི་འགོ་ཁུངས་ཀྱི་གྲོང་རྡལ་དང་པོ་སྟེ། མཚོ་སྔོན་ཞིང་ཆེན་གདང་ལ་གྲོང་རྡལ་ནས་ཡིན་པ་དང་2012ལོ་ནས་བཟུང་ཁོ་བོས་ཁུལ་དེ་ག་ན་འཚོ་བཞིན་ཡོད་པའི་ཁྲུང་ཁྲུང་སྐེ་ནག་སྲུང་སྐྱོང་གི་ལས་ལ་གཞོལ་བཞིན་ཡོད།
         ཚེ་རིང་གིས་དུས་བཀག་བཞིན་དང་བླངས་པ་གཞན་ཚོ་ཁྲིད་དེ་ཚོགས་ཆུང་དབྱེ་ནས་ཁྲུང་ཁྲུང་སྐེ་ནག་གི་བྱ་ཕྲུག་སྐྱེ་ཁུལ་གྱི་དཔལ་ལྡན་མཚོར་ལྟ་ཞིབ་ཀྱི་བྱེད་སྒོ་སྤེལ་བ་དང་ཆབས་ཅིག  འབྲོག་པ་དང་ཡུལ་སྐོར་བ་རེ་འགས་བྱ་སྒོང་རྐུ་བའི་བྱེད་སྤྱོད་ལ་བཀག་སྡོམ་བྱེད་ཀྱི་ཡོད། ལོ་ལྟར་ཟླ་6པ་དང་7པའི་ནང་ཁོ་བོས་དཔལ་ལྡན་མཚོར་གནས་བཅས་ནས་ཁྲུང་ཁྲུང་སྐེ་ནག་ལ་བདེ་བླག་ངང་བྱ་ཕྲུག་སྐྱེ་རྒྱུར་ལྟ་སྲུང་བྱེད་ཀྱི་ཡོད།
         མིག་སྔར་འཛམ་གླིང་ཡོངས་སུ་ཁྲུང་ཁྲུང་སྐེ་ནག་གི་གྲངས་འབོར་ནི་ཁྲི་7ཙམ་ལས་མེད་པས། ཁྲུང་ཁྲུང་སྐེ་ནག་དེ་སྟོངས་ཉེར་ཡོད་པའི་སྲོག་ཆགས་ཀྱི་ཁོངས་སུ་གཏོགས་པ་དང་། ཚེ་རིང་གིས་2012ལོར་ཐོག་མའི་ལྟ་ཞིབ་བྱེད་སྐབས་དཔལ་ལྡན་མཚོའི་ཁྲུང་ཁྲུང་མགོ་ཁྲའི་གྲངས་འབོར་1170ལས་མེད་པ་དང་ད་ལོ་3000ཙམ་ཟིན་གྱི་ཡོད་ཅེས་གསར་འགོད་པར་བཤད།
    ༄༅།།འབྲི་ཆུའི་ཆུ་འགོའི་ཁྲུང་ཁྲུང་མགོ་ཁྲ་སྲུང་མཁན།
      

    ཕྱོགས་བསྡུས་གསར་འགྱུར།