འཚོལ་བཤེར།   
藏文频道
2015ལོའི་ཟླ་6ཚེས་8ཉིན།
  • མི་དམངས་དྲ་བ།>>འགོ་བརྗོད་གསར་འགྱུར།

    ༄༅།།བོད་རང་སྐྱོང་ལྗོངས་ཀྱི་མཐོ་རྒྱུགས་རྒྱུགས་སྤྲོད་སློབ་མ་80%ཡན་ཞིང་འབྲོག་པའི་
    བུ་ཕྲུག་ཡིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་08ཉིན། 10:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་6ཉིན་གསར་འགོད་པས་བོད་རང་སྐྱོང་ལྗོངས་སློབ་གསོ་ཡིག་རྒྱུགས་ཁང་ནས་ཤེས་རྟོགས་བྱུང་གསལ། འདི་ལོར་མཐོ་རྒྱུགས་དཀྱུས་མའི་ནང་ཐོ་བཀོད་ནས་ཞུགས་མཁན་ལྗོངས་ཡོངས་ཀྱི་རྒྱུགས་སྤྲོད་སློབ་མ་21145ཡོད་པའི་ནང་ཞིང་འབྲོག་པའི་བུ་ཕྲུག་གིས་83%བཟུང་ཡོད།
         སློབ་གསོ་པུའི་ཡིག་རྒྱུགས་ལས་དོན་ནང་གཏན་འབེབས་བྱས་པར་གཞིགས་ན། བོད་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མའི་སློབ་བསྡུའི་ཡིག་རྒྱུགས་ཚང་མ་རྒྱལ་ཁབ་སློབ་གསོ་ཡིག་རྒྱུགས་ཚད་ལྡན་ཅན་གྱི་ཡིག་རྒྱུགས་ས་ཚིགས་ཀྱི་རྒྱུགས་རར་བཀོད་སྒྲིག་བྱས་ནས་རྒྱུགས་ར་ཚང་མར་རྩིས་རྒྱག་འཕྲུལ་འཁོར་གྱི་སྐབས་བསྟུན་སྤེལ་བའི་བྱེད་ཐབས་ཐོག་ནས་རྒྱུགས་ར་739སྒྲིག་བཟོ་དང་རྒྱུགས་ཁུལ་10དང་ཡིག་རྒྱུགས་ས་ཚིགས་23བཟོས་ནས་ཁྱོན་རྒྱུགས་སྤྲོད་ལྟ་ཞིབ་པ་2467བཀོད་སྒྲིག་བྱས་ཡོད། གཞན་ཡང་བོད་རང་སྐྱོང་ལྗོངས་སློབ་གསོ་ཡིག་རྒྱུགས་ཁང་གིས་གཅིག་གྱུར་ཐོག་ཡིག་རྒྱུགས་ཡོ་ཆས་སྤྲོད་རྒྱུ་ཡིན་པས་རྒྱུགས་སྤྲོད་སློབ་མས་རྒྱུགས་སྤྲོད་ཆོག་པའི་ལག་ཁྱེར་དང་ཐོན་གཉིས་པའི་ཐོབ་ཐང་ལག་ཁྱེར་གཉིས་ཁྱེར་ནས་ཡིག་རྒྱུགས་ནང་ཞུགས་པ་ལས་དེ་མིན་གྱི་དངོས་པོ་གང་རུང་རྒྱུགས་རའི་ཐོག་འཁྱེར་ཆོག་གི་མེད་པ་རེད།
         བོད་ཡིག་ནི་བོད་ཀྱི་མཐོ་རྒྱུགས་ཀྱི་རང་བརྟེན་འདྲི་གཞི་བཏོན་པའི་སློབ་ཚན་ཞིག་ཡིན་པ་དང་2013ལོར་བོད་ཀྱིས་མཐོ་རིམ་ལོ་རིམ་གསུམ་པའི་སློབ་ཁྲིད་ཀྱི་འཐབ་ས་དང་པོ་ནས་ཕུལ་བྱུང་གི་རྐང་འཛིན་བོད་ཡིག་དགེ་རྒན་ཟུར་འཐེན་བྱས་ནས་བོད་ཀྱི་ལོ་རྒྱུས་ཐོག་གི་བོད་ཡིག་མཐོ་རྒྱུགས་ཀྱི་ཡིག་རྒྱུགས་རྩ་གནད་དང་ཡིག་རྒྱུགས་གསལ་བཤད་ཁག་དང་པོ་དེ་རྩོམ་འབྲི་བྱ་རྒྱུའི་སྒྲིག་འཛུགས་བྱས་ཡོད། འདི་ལོར་བོད་ཀྱིས་མཐོ་རྒྱུགས་ཀྱི་འདྲི་གཞི་འདོན་པའི་ལས་ཀའི་བླང་བྱ་ནན་བཟུང་གིས་མཐོ་རྒྱུགས་བོད་ཡིག་རྒྱུགས་ཤོག་གི་འདྲི་གཞི་འདོན་པའི་ལས་དོན་ལེགས་གྲུབ་བྱུང་ཡོད། བོད་ཀྱི་བོད་ཡིག་ཡིག་རྒྱུགས་དེ་ཚེས་9ཉིན་གྱི་སྔ་དྲོ་གཏོང་རྒྱུ་ཡིན་པ་རེད།
         གཞན་ཡང་ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོར་བོད་དུ་དམིགས་བསལ་རྒྱུགས་སྤྲོད་སློབ་མ་3མཐོ་རྒྱུགས་ནང་ཞུགས་རྒྱུ་ཡིན་ཞིང་། ལྷ་ས་གྲོང་ཁྱེར་དང་ནག་ཆུ་ས་ཁུལ་གྱིས་རྒྱུགས་སྤྲོད། སློབ་མ་ལོང་བ་3ལ་ཁེར་རྐྱང་གི་རྒྱུགས་ར་དང་མཐུན་སྦྱོར་གྱི་ལས་དོན་མི་སྣ་བཀོད་སྒྲིག་བྱས་ཡོད།
         བོད་ལྗོངས་སློབ་གསོ་ཡིག་རྒྱུགས་ཁང་གི་ཡོན་ཀྲང་ལུའུ་ཧྲི་ཁྲེང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་ནང་མཐོ་རྒྱུགས་དཀྱུས་མའི་སློབ་བསྡུའི་འཆར་གཞིའི་ནང་བོད་ཀྱིས་དབུལ་པོའི་ཆེད་དོན་འཆར་གཞི་དང་གྲོང་གསེབ་ཀྱི་ཆེད་དོན་འཆར་གཞི་བཟོས་ནས་ཞིང་འབྲོག་པའི་བུ་ཕྲུག་ལ་གཟིགས་སྐྱོང་བྱས་པ་མ་ཟད། ལོགས་སུ་ཁག་ཐེངས་བཟོས་ནས་སློབ་མ་བསྡུས་པ་དང་2014ལོར་བོད་ཀྱི་ཞིང་འབྲོག་པའི་བུ་ཕྲུག་མཐོ་རྒྱུགས་ནང་བསྡུས་ཚད་71%ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆའི་གྲངས་10ཙམ་འཕར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།