འཚོལ་བཤེར།   
藏文频道
2015ལོའི་ཟླ་6ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཏུན་ཧོང་ཞིབ་འཇུག་ཁང་གིས་བྱིས་པ་དང་འབྲེལ་བའི་ལྡེབས་རིས་20ཐེངས་དང་པོར་སྟོན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་06ཉིན། 10:32】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཏུན་ཧོང་ཞིབ་འཇུག་ཁང་གིས་དྲ་རྒྱའི་སྨྱན་སྦྱོར་ལ་བྱིས་པ་དང་འབྲེལ་བའི་ལྡེབས་རིས་20ཐེངས་དང་པོར་བསྟན་པ་དེ་ཐོག་ནས་རང་རྒྱལ་གནའ་རབས་ཀྱི་་ཕུན་སུམ་ཚོགས་པའི་བྱིས་པའི་འཚོ་བ་མངོན་པ་དང་འབྲེལ་ང་ཚོའི་དྲན་ཤེས་ནང་བརྗེད་ཟིན་པའི་བྱིས་དུས་ཀྱི་སྤྲོ་སྣང་དེ་ནང་བསྟན་ཆོས་ཀྱི་སྒྲུང་གཏམ་ཁྲོད་ནས་སླར་ཡང་མངོན་ཡོད་པ་རེད།
         མོ་ཀའོ་བྲག་ཕུག་ལ་སངས་རྒྱས་སྟོང་སྐུའི་བྲག་ཕུག་ཅེས་བརྗོད་པ་དེ་ནི་འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་དང་ནང་དོན་ཕུན་སུམ་ཚོགས་ཤོས་ཀྱི་ནང་བསྟན་ཆོས་ལུགས་ཀྱི་སྒྱུ་རྩལ་གནས་ཤིག་ཡིན་ཞིང་། བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། དེའི་ནང་བྱིས་པའི་རི་མོ་འཁོད་པའི་བྲག་ཕུག་183ཡོད་པ་དེས་བྲག་ཕུག་སྤྱི་གྲངས་ཀྱི་37%བཟུང་ཡོད་ཅིང་། དུས་ཚོད་དེ་པེ་ཁྲའོ་ནས་ཡོན་རྒྱལ་རབས་བར་ཡིན་པ་དང་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།