འཚོལ་བཤེར།   
藏文频道
2015ལོའི་ཟླ་6ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་སྒྲིག་གཞིས་འཛམ་གླིང་དུ་བཀྲེས་ལྟོགས་
    ཀྱིས་མནར་བའི་མི་གྲངས་དུང་ཕྱུར་བརྒྱད་མན་དུ་ཆག་པར་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་06ཉིན། 10:35】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་སྒྲིག་གཞི་ཆེན་པོ་གསུམ་གྱིས་《2015ལོའི་འཛམ་གླིང་གི་འབྲུ་རིགས་བདེ་འཇགས་མེད་པའི་གནས་ཚུལ་》ཞེས་པའི་སྙན་ཐོ་བཏོན་པའི་ནང་། འཛམ་གླིང་དུ་བཀྲེས་ལྟོགས་ཀྱིས་མནར་བའི་མི་གྲངས་དུང་ཕྱུར་7.95བར་ཆག་པ་དེ་1990ལོ་ནས་1992ལོ་བར་དུང་ཕྱུར་2.16ཉུང་དུ་སོང་བ་དང་འཕེལ་རྒྱས་འགྲོ་བཞིན་པའི་ས་ཁུལ་ལ་བཟའ་རིགས་མི་འདང་བའི་ཚད་ལོ་25གོང་གི་23.3%ནས་12.9%བར་ཆག་ཡོད་པ་བསྟན། ལས་ཁུངས་ཨ་མ་དབྱི་ཐ་ལིའི་རྒྱལ་ས་རོ་མར་བཙུགས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་དང་། རྒྱལ་སྤྱིའི་ཞིང་ལས་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས། འཛམ་གླིང་འབྲུ་རིགས་འཆར་གཞི་ཧྲུའུ་བཅས་ཀྱིས་མཉམ་དུ་སྙན་ཞུ་ཞིག་བཏོན་པའི་ནང་། འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་རྒྱལ་ཁབ་དང་ས་ཁུལ་129ལ་ལྟ་ཞིབ་ཚད་ལེན་བྱེད་རིང་། རྒྱལ་ཁབ་དང་ས་ཁུལ་72ལ་2015ལོའི་གོང་བཀྲེས་ལྟོགས་ཀྱིས་མནར་བའི་མི་འབོར་བསྡུར་ཚད་ཕྱེད་ཀ་ཉུང་དུ་གཏོང་རྒྱུའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྟོང་ལོའི་དམིགས་ཚད་བསྒྲུབས་ཟིན་པ་དང་། ཧྲིལ་པོ་ཞིག་ཡིན་པའི་འཕེལ་རྒྱས་འགྲོ་བཞིན་པའི་ས་ཁུལ་དུ་དམིགས་ཚད་དེ་མི་རིང་བར་འགྲུབ་ཐུབ་རྒྱུ་ཡིན་པ་རེད་ཅེས་འཁོད་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།