འཚོལ་བཤེར།   
藏文频道
2015ལོའི་ཟླ་6ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།"ཤར་ཕྱོགས་རྒྱུ་སྐར"རྟགས་ཅན་གྱི་གྲུ་གཟིངས་ཁ་སློང་སྐྱོབ་རོགས་ཆུ་ནས་འདོན་པའི་
    ཇུས་གཞི་གཏན་ལ་འཁེལ་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་06ཉིན། 10:24】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། གྲོལ་མ་ཐག་པའི“ཤར་ཕྱོགས་རྒྱུ་སྐར”རྟགས་ཅན་གྱི་གྲུ་གཟིངས་མགོ་རྟིང་ལོག་པའི་དོན་རྐྱེན་གྱི་མདུན་ཕྱོགས་བཀོད་འདོམས་པུའི་ཚོགས་འདུའི་ཐོག་ཟླ་6ཚེས་4ཉིན་གྱི་ཆུ་ཚོད་20ནས་བཟུང་མགོ་རྟིང་ལོག་པའི་གྲུ་གཟིངས་ཁ་སློང་སྐྱོབ་རོགས་ཆུ་ནས་འདོན་པའི་ཇུས་གཞི་ལག་བསྟར་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།
         ཟླ་6ཚེས་1ཉིན“ཤར་ཕྱོགས་རྒྱུ་སྐར”རྟགས་ཅན་གྱི་གྲུ་གཟིངས་མགོ་རྟིང་ལོག་ཅིང་། ད་བར་དིམ་ནས་ཆུ་ཚོད་70ཙམ་སོང་ཡོད།འགྲིམ་འགྲུལ་སྐྱེལ་འདྲེན་པུས་སྐྱོབ་རོགས་ཇུས་གཞིར་སྔར་བས་ལེགས་སྒྲིག་དང་བཟང་སྒྲིག་བྱས་ཏེ་འབྲེལ་ཡོད་ཕྱོགས་དང་མཉམ་དུ“ཤར་ཕྱོགས་རྒྱུ་སྐར”རྟགས་ཅན་གྲུ་གཟིངས་ཁ་སློང་སྐྱོབ་རོགས་ཀྱི་ཇུས་གཞི་་བཟོས་པ་དང་། ཚོགས་འདུའི་ཐོག་ཞིབ་འཇུག་གཏན་འཁེལ་བྱས་པ་བརྒྱུད་ཟླ་6ཚེས་4ཉིན་གྱི་དགོང་དྲོའི་ཆུ་ཚོད་8པ་ནས་ལག་ལེན་བསྟར་རྒྱུ་ཡིན་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། གྲུ་གཟིངས་ཁ་བསླངས་ན་ཁྱོན་ཡོངས་ནས་གྲུ་ཚང་ཚང་མར་གྲལ་བཤེར་གང་མགྱོགས་ཐུབ་པ་དང་། དུས་ཐུང་ནང་གར་སོང་ཆ་མེད་དུ་གྱུར་བའི་མི་སྣ་འཚོལ་ཞིབ་བྱ་རྒྱུར་ཕན་ཐོགས་ཡོད་པ་དང་། ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་གཤིན་པོའི་ལ་རྒྱ་སྲུང་ཐུབ། གྲུ་གཟིངས་ཁ་བསླངས་ཏེ་ཆུ་ནས་འདོན་རྒྱུ་དེ་ལས་རིགས་ཀྱི་ཆེད་ལས་བྱ་ཐབས་དང་རྒྱལ་སྤྱིའི་གོམས་སྲོལ་དང་འཚམས་པ་དང་ལག་རྩལ་ཡང་བྱང་ཆུབ་ཙམ་ཡོད། ཆེད་ལས་ཀྱིས་ཚོད་དཔག་ལ་གཞིགས་ན། མིག་སྔར་དེ་གར་འདུས་པའི་གྲུ་གཟིངས་ཀྱིས་མགོ་རྟིང་ལོག་པའི་གྲུ་གཟིངས་ཁ་སློང་ཐུབ་པ་དང་རྒྱལ་ཡོངས་ནས་སྐོང་འཐེན་བྱས་པའི་ཆུར་འཛུལ་དང་། ཆུ་འདོན། སྐྱོབ་རོགས། གྲུ་གཟིངས་བཟོ་སྐྲུན་སོགས་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་དང་་ལག་རྩལ་མི་སྣས་ལག་རྩལ་རྒྱབ་སྐྱོར་དང་འགན་ལེན་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།