འཚོལ་བཤེར།   
藏文频道
2015ལོའི་ཟླ་6ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།པེ་ཅིང་གྲོང་ཁྱེར་དུ“ཐ་མག་འཐེན་མི་ཆོག་པའི་བཀའ་རྒྱ་ནན་ཤོས”ལག་ལེན་དངོས་སུ་
    བསྟར་འགོ་བརྩམས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་02ཉིན། 14:43】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།པེ་ཅིང་གྲོང་ཁྱེར་དུ“ཐ་མག་འཐེན་མི་ཆོག་པའི་བཀའ་རྒྱ་ནན་ཤོས”ལག་ལེན་དངོས་སུ་
བསྟར་འགོ་བརྩམས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་1ཉིན་མི་རྣམས་ཀྱིས་རྒྱལ་ཁབ་ལུས་རྩལ་ཁང་ཆེན“བྱ་ཚང”དུ་བཀལ་བའི་ཐ་མག་འཐེན་མི་ཆོག་པའི་མཚོན་རྟགས་ཆེན་པོར་ལྟ་བཞིན་ཡོད། ཉིན་དེར“ལོ་རྒྱུས་ཐོག་ཐ་མག་འཐེན་མི་ཆོག་པའི་བཀའ་རྒྱ་ནན་ཤོས”ཞེས་པའི་《པེ་ཅིན་གྲོང་ཁྱེར་གྱི་ཐ་མག་འཐེན་མཁན་ཚོད་འཛིན་བྱེད་རྒྱུའི་སྲོལ་ཡིག་》དངོས་སུ་ལག་ལེན་བསྟར་འགོ་བརྩམས་པ་རེད། སྲོལ་ཡིག་འདིའི་ནང་དུ་མི་མང་འཛོམ་ས་དང་ལས་སྒྲུབ་བྱ་ཡུལ་གྱི་ལས་གཉེར་ཁང་དང་ས་ཁོངས་དང་། དེ་བཞིན་སྤྱི་པའི་འགྲིམ་འགྲུལ་འཁོར་རིགས་ཀྱི་ནང་དུ་ཐ་མག་འཐེན་མི་ཆོག་པ་དང་། དེའི་ནང་དུ་ བུ་བཅོལ་ཁང་དང་། སློབ་གྲྭ་འབྲིང་ཆུང་། རིག་དངོས་སྲུང་སྐྱོང་སྡེ་ཚན། ལུས་རྩལ་ཐང་། བྱིས་པའི་སྨན་ཁང་བཅས་ཚུད་པའི་ཁང་པའི་ཕྱི་དང་ས་ཁོངས་སུའང་ཐ་མག་འཐེན་མི་ཆོག་པའི་གཏན་འབེབས་བྱས་ཡོད་པ་རེད། སྲོལ་ཡིག་འདི་ལས་འགལ་བ་ཡིན་ན་མི་སྒེར་ལ་དངུལ་ཆད་མཐོ་ཤོས་མི་དམངས་ཤོག་སྒོར་200དང་སྡེ་ཚན་ལ་དངུལ་ཆད་མཐོ་ཤོས་དངུལ་སྒོར་ཁྲི་1གཏོང་རྒྱུ་རེད།
    ༄༅།།པེ་ཅིང་གྲོང་ཁྱེར་དུ“ཐ་མག་འཐེན་མི་ཆོག་པའི་བཀའ་རྒྱ་ནན་ཤོས”ལག་ལེན་དངོས་སུ་
བསྟར་འགོ་བརྩམས་པ།
      

    ཕྱོགས་བསྡུས་གསར་འགྱུར།