འཚོལ་བཤེར།   
藏文频道
2015ལོའི་ཟླ་6ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།འཛམ་གླིང་གི་ཐ་མག་མི་འཐེན་པའི་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་02ཉིན། 09:10】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་31ཉིན་ནི་འཛམ་གླིང་གི་ཐ་མག་མི་འཐེན་པའི་ཉིན་མོ་ཨང་28པ་ཡིན་ཞིང་། རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་དང་། ཀྲུང་དབྱང་ཤེས་དཔལ་གཞུང་དོན་ཁང་། རྒྱལ་ཡོངས་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་ཨུ་ལྷན་གཞུང་དོན་ཁང་། སློབ་གསོ་པུའུ། གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་། ཀྲུང་གོ་ཚན་རྩལ་མཐུན་ཚོགས། པེ་ཅིང་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཚན་པ་བརྒྱད་ཀྱིས་མཉམ་དུ་གཉེར་བའི་2015ལོའི་འཛམ་གླིང་གི་ཐ་མག་མི་འཐེན་པའི་ཉིན་མོ་དང་《པེ་ཅིང་གྲོང་ཁྱེར་གྱི་ཐ་མག་ཚོད་འཛིན་སྲོལ་ཡིག》ལག་བསྟར་གྱི་དྲིལ་བསྒྲགས་བྱེད་སྒོ་པེ་ཅིང་དུ་གཉེར་བ་རེད།
         ཟླ་6ཚེས་1ཉིན་ནས་བཟུང《པེ་ཅིང་གྲོང་ཁྱེར་གྱི་ཐ་མག་ཚོད་འཛིན་སྲོལ་ཡིག》དངོས་སུ་ལག་བསྟར་བྱས་ཤིང་། དེ་ནི་མིག་སྔར་རྒྱལ་ནང་དུ《ཐ་མག་ཚོད་འཛིན་སྒྲོམ་གཞིའི་སྤྱི་ཆིངས》ཀྱི་བླང་བྱ་དང་མཐུན་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཞིག་རེད། ཉེ་བའི་ལོ་ཤས་ནང་རང་རྒྱལ་གྱི་ཐ་མག་ཚོད་འཛིན་ཁ་ཆད་ལག་བསྟར་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་དང་། ཐ་མག་ཚོད་འཛིན་ཁྲིམས་འཛུགས་ལས་དོན་ལ་རྒྱུན་ཆད་མེད་པར་ཚད་བརྒལ་གསར་པ་བྱུང་ནས་སྤྱི་པའི་བྱེད་སྒོ་སྤེལ་ཡུལ་དུ་ཐ་མག་འཐེན་མི་ཆོག་པ་དེ་སྤྱི་ཚོགས་བྱ་སྤྱོད་ཀྱི་ཚད་གཞི་གསར་པ་ཞིག་ཏུ་གྱུར་ཡོད་པ་རེད། རྒྱལ་ཁབ་རིམ་པའི《སྤྱི་པའི་བྱེད་སྒོ་སྤེལ་ཡུལ་གྱི་ཐ་མག་ཚོད་འཛིན་སྲོལ་ཡིག》སྤྱི་ཚོགས་སུ་ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱས་པ་དང་ས་གནས་ཀྱི་ཐ་མག་ཚོད་འཛིན་ཁྲིམས་འཛུགས་དང་ཁྲིམས་འཛིན་ལས་དོན་བརྟན་པོའི་ངང་སྤེལ་བཞིན་ཡོད། ཝང་ཞོལ་ཆིན་དང་། ཕུའུ་ཚུན་ཤིན། ཅང་ཝུན་ལི། ཁང་ཧུའེ། ཁྲུན་ཉི། རེན་ཀྲུང་། ཀྲང་ཅེ་སོགས“རྒྱལ་ཡོངས་ཀྱི་ཐ་མག་ཚོད་འཛིན་དྲིལ་བསྒྲགས་ཕོ་ཉར”བདམས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།