འཚོལ་བཤེར།   
藏文频道
2015ལོའི་ཟླ་6ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས་སུ་ཁྲོམ་ཞུགས་ཀུང་སི་12ཡོད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་02ཉིན། 09:09】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་དངུལ་འཛིན་ལྟ་སྐུལ་ཅུས་ནས་ཤེས་རྟོགས་བྱས་པར། ཉིན་ཤས་གོང་ལིན་ཁང་སྨན་ལས་ཚོགས་པ་མ་རྐང་ཚད་ཡོད་ཀུང་སི་ཧྲང་ཧའེ་དངུལ་འཛིན་བརྗེ་རེས་སུའོ་ཡི་མ་རྐང་Aནང་ཁྲོམ་ཞུགས་ཐུབ་པ་བྱུང་སྟེ་བོད་རང་སྐྱོང་ལྗོངས་ཀྱི་ཁྲོམ་ཞུགས་ཀུང་སི་12པ་དེར་གྱུར་པ་རེད།
         ད་ཕན་ལོ་ཤས་རིང་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པར་བརྟེན་1995ལོར་བོད་ལྗོངས་ཀྱི་ཀུང་སི་དང་པོ་བོད་ལྗོངས་སྨིན་དྲུག་ཀུང་སི་ཁྲོམ་ཞུགས་བྱས་པ་ནས་བཟུང་བོད་ཀྱི་མ་རྩའི་ཁྲོམ་རའི་གཞི་ཁྱོན་དང་གཙོ་གཟུགས་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་ཏེ་ཁྲོམ་རའི་གཙོ་གཟུགས་རིགས་ཆ་ཚང་བ་དང་ནུས་པ་རྒྱུན་ཆད་མེད་པར་འཐུས་ཚང་གི་མ་རྩའི་ཁྲོམ་རའི་མ་ལག་རིམ་གྱིས་ཆགས་ནས་བོད་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་གསོན་ཤུགས་སྦྱིན་ཡོད།
         གྲངས་གཞི་ལས་མངོན་པར། མིག་སྔའི་བར་བོད་རང་སྐྱོང་ལྗོངས་སུ་ཁྲོམ་ཞུགས་ཀུང་སི་12ཡོད་པ་དེ་དག་གཙོ་བོ་བཟའ་བཅའ་དང་། ཡུལ་སྐོར། སྨན་བཟོ། གཏེར་ཐོན་གསར་སྤེལ། འཛུགས་སྐྲུན་རྒྱུ་ཆ། བོད་ལུགས་གསོ་རིག་དང་བོད་སྨན་སོགས་སུ་ཁྱབ་ཡོད། དེའི་ནང་མ་རྐང་Aཡི་ཁྲོམ་ཞུགས་ཀུང་སི་11དང་མ་རྐང་Hཡི་ཁྲོམ་ཞུགས་ཀུང་སི་1ཡོད་པ་རེད། གཞན་ཡང་བོད་ལྗོངས་སུ་ད་དུང་དངུལ་འཛིན་ཀུང་སི་1དང་། དངུལ་འཛིན་ལས་གཉེར་པུའུ་8  དུས་བཅད་ཚོང་གཉེར་པུའུ་1བཅས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།