འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།པཎ་ཆེན་རིན་པོ་ཆེས་བོད་བརྒྱུད་ནང་བསྟན་གྱི་མཐོ་རིམ་མཚན་གནས་ཐོབ་མཁན་ལ་
    མཇལ་ཁ་གནང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་22ཉིན། 09:41】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།པཎ་ཆེན་རིན་པོ་ཆེས་བོད་བརྒྱུད་ནང་བསྟན་གྱི་མཐོ་རིམ་མཚན་གནས་ཐོབ་མཁན་ལ་
མཇལ་ཁ་གནང་བ།
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་20ཉིན་གྱི་སྔ་དྲོ་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོས་པེ་ཅིང་དགོན་སེར་ནུབ་མར་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སྐབས་བཅུ་གཅིག་པའི་མཐོ་རམས་པའི་མཚན་གནས་ཐོབ་མཁན་ལ་མཇལ་ཁ་གནང་བ་དང་མཐོ་རིམ་ནང་བསྟན་སློབ་གླིང་གི་དགེ་རྒན་དང་། སྐབས་གསུམ་པའི་འབྲིང་རམས་པའི་མཚན་གནས་ཐོབ་མཁན། མཐོ་རིམ་ནང་བསྟན་སློབ་གླིང་གི་དགེ་སློབ་བཅས་ཀྱང་མཇལ་ཁའི་ནང་ཞུགས་ཡོད། དགེ་འདུན་པའི་གཟབ་སྦྲེང་རུ་ཁག་གིས་ཕེབས་འདྲེན་ཞུས་ནས་པཎ་ཆེན་རིན་པོ་ཆེས་དང་ཐོག་པཎ་ཆེན་སྐུ་ཕྲེང་དྲུག་པའི་ན་བཟའ་བཞུགས་པའི་མཆོད་རྟེན་མཇལ་བ་དང་འབྲེལ་སྙན་ཤལ་ཕུལ་བ་དང་དེ་རྗེས་ཉི་འོད་ཐོག་ཁང་གི་ཚོམས་ཁང་དུ་ཞབས་ཐང་མར་ཕེབས་ནས་ཆོས་ཕྱོགས་ཀྱི་མཛད་སྒོ་སྤེལ་བ་དང་གྲྭ་དམངས་ཀྱི་མཇལ་ཁ་དང་ལེན་གནང་བ་རེད། མཐོ་རིམ་ནང་བསྟན་སློབ་གླིང་གི་ཡོན་ཀྲང་འཇམ་དབྱངས་བཞད་པ་སོགས་བླ་མ་སྐྱེས་ཆེན་གྱིས་གྲྭ་དམངས་ཡོངས་ཀྱི་ཚབ་ཞུས་ཏེ་པཎ་ཆེན་རིན་པོ་ཆེར་མཎྜལ་རྟེན་གསུམ་ཕུལ་བ་དང་པཎ་ཆེན་རིན་པོ་ཆེས་གྲྭ་དམངས་རེ་རེ་བཞིན་ལ་ཕྱག་དབང་གནང་བ་དང་མཐོ་རམས་པའི་མཚན་གནས་ཐོབ་མཁན་དང་བོད་བརྒྱུད་ནང་བསྟན་ལས་རིགས་མི་སྣས་ཐོས་བསམ་ལ་གཞོལ་བ་དང་རྒྱལ་སྐྱོང་འགྲོ་ཕན་བྱ་རྒྱུའི་ལྕག་སྐུལ་གནང་བ་རེད།
         བོད་བརྒྱུད་ནང་བསྟན་གྱི་མཐོ་རིམ་མཚན་གནས་ལམ་ལུགས་དེ་2004ལོར་བཙུགས་པ་དང་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེའི་དཔེ་སྦྱོང་སྲོལ་རྒྱུན་དང་མཚན་གནས་རྒྱུགས་ལེན་ལོ་རྒྱུས་ཀྱི་ཉམས་མྱོང་དཔྱད་གཞིར་འཛིན་པའི་རྨང་གཞིའི་ཐོག་དེང་རབས་སློབ་གསོའི་བྱ་ཐབས་གསར་པ་བསྡུ་ལེན་བྱས་ནས་གྲུབ་པའི་བོད་བརྒྱུད་ནང་བསྟན་གྱི་མཚན་གནས་ལམ་ལུགས་ཤིག་རེད། ཟླ་5ཚེས་10ནས་ཚེས་17ཉིན་བར་གྱི་མཚན་གནས་རྒྱུགས་ལེན་ནང་མཐོ་རིམ་ནང་བསྟན་སློབ་གླིང་གི་སྐབས་བཅུ་གཅིག་པའི་མཐོ་རིམ་མཚན་གནས་འཛིན་གྲྭའི་དགེ་ལུགས་དང་རྙིང་མ་བའི་སློབ་ཐོན་གྲྭ་པ་11གིས་ཉིན་བརྒྱད་རིང་དམ་བཅའ་འཇོག་པ་དང་ཆེད་རྩོམ་ལན་འདེབས་ཛ་དྲག་ལ་ནན་པོ་བྱས་པ་བརྒྱུད་མཚན་གནས་ཀྱི་རྒྱུགས་འཕྲོད་པ་དང་སྦྲགས་མཐོ་རིམ་མཚན་གནས་དཔྱད་ཞིབ་ཨུ་ཡོན་ལྷན་ཁང་གིས་ཞིབ་བཤེར་ནན་པོ་བྱས་པ་བརྒྱུད་མཐོ་རམས་པའི་མཚན་གནས་ཐོབ་ཅིང་། དེ་དང་ཆབས་ཅིག་རྙིང་མ་བ་དང་། བཀའ་བརྒྱུད་པ། ཇོ་ནང་པ་བཅས་ཀྱི་དཔེ་ཆའི་དགེ་རྒན་21མཐོ་རིམ་ནང་བསྟན་སློབ་གླིང་གི་དཔེ་ཆ་བའི་དགེ་རྒན་ཐོབ་ཐང་རྒྱུགས་སྤྲོད་བྱས་ཤིང་། དགེ་རྒན་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཞིབ་བཤེར་ནན་པོ་བྱས་པ་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་དགེ་རྒན་གྱི་ཐོབ་ཐང་ཐོབ་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།