འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་གནམ་མཚོའི་དར་ཁ་ཕྱེ། ལུག་ལོའི་མཚོ་སྐོར་དགའ་བས་བསུ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་21ཉིན། 13:55】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། གནམ་གཤིས་དྲོ་རུ་སོང་བས་གནམ་མཚོའི་དར་ཁ་ཕྱེ་ནས་སྔོ་ཐིང་ཐིང་དུ་གྱུར་པ་དང་ཁྲུང་ཁྲུང་མགོ་ཁྲ་དང་ཁྲུང་ཁྲུང་སྐེ་ནག་སོགས་ཀྱང་མཚོ་འགྲམ་ལ་ཅི་དགར་རོལ། དེས་མ་ཚད་བོད་རིགས་ཀྱི་ལོ་འཁོར་གཅིག་ལ་ཐེངས་གཅིག་ཡིན་པའི་ལུག་ལོའི་མཚོ་སྐོར་དང་ཏག་ཏག་འཁེལ་བར་བརྟེན་གནམ་མཚོའི་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་དང་མཚོ་སྐོར་གྱི་ཚ་རླབས་ཤིག་འཕྱུར་རྒྱུ་རེད།
         བོད་མི་རིགས་ལ་ལུག་ལོར་མཚོ་སྐོར་བྱེད་པའི་སྲོལ་རྒྱུན་ཡོད་པ་དང་གནམ་མཚོ་ནི་བོད་བརྒྱུད་ནང་བསྟན་གྱི་མཚོ་ཆེན་བཞིའི་གྲས་ཤིག་ཡིན་ལ་མཚོ་སྐོར་བྱ་ཡུལ་དང་པོ་དེའང་ཡིན། བོད་བརྒྱུད་ནང་བསྟན་གྱི་དད་ལྡན་པ་ཚོས་ལུག་ལོར་གནམ་མཚོར་མཚོ་སྐོར་ལ་བསྐྱོད་དེ་བར་ཆད་མི་ཡོང་བའི་གསོལ་བ་སྨོན་ལམ་འདེབས་ཀྱི་ཡོད། འདི་ལོ་ལུག་ལོ་འཁེལ་བས་གནམ་མཚོའི་མཛེས་ལྗོངས་ཁུལ་གྱི་འགན་འཁུར་བས་སྔོན་དཔག་བྱས་པ་ལྟར་ན། འདི་ལོ་གནམ་མཚོར་ཡུལ་སྐོར་དང་མཚོ་སྐོར་བྱེད་པར་ཡོང་མཁན་ཡུལ་སྐོར་བ་དང་དད་ལྡན་པ་མི་ཐེངས་ཁྲི་བརྒྱ་ལས་འགལ་རྒྱུ་ཡིན་པ་རེད།
         གནམ་མཚོ་ནི་བྱང་ཐང་ལྷོ་རྒྱུད་ཀྱི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4722སར་གནས་ཡོད་ཅིང་། འཛམ་གླིང་ཐོག་གི་ཚྭ་ཆུའི་མཚེའུ་མཐོ་ཤོས་དེ་ཡིན་པ་དང་མཛེས་ལྗོངས་ཡིད་དུ་འོང་བ་ཞིག་ཡོད། ཡུལ་སྐོར་ལས་དོན་ཁང་གི་སྣེ་ཤན་པས་རྒྱ་ཆེའི་ཡུལ་སྐོར་བར་གྱོན་ཆས་མཐུག་ཙམ་གྱོན་དགོས་པ་དང་འོད་འགོག་ཤ་གསོས་བྱུག་པ་དང་ཟེར་འགོག་མིག་ཤེལ་རྒྱག་དགོས་པའི་དྲན་སྐུལ་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།