འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་31ཚང་མར་ཞིང་ཆེན་རིམ་པ་
    དང་པོའི་བྲོས་འདེད་གཞུང་ལས་ཁང་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་06ཉིན། 16:38】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་ཀྲུང་དབྱང་སྒྲིག་ཨུད་ལྟ་ཞིབ་པུའུ་ནས་ཤེས་རྟོགས་བྱུང་བར། འདི་ལོ་ནས་བཟུང་རུལ་རྒོལ་རྒྱལ་སྤྱིའི་བྲོས་འདེད་དངུལ་འདེད་ལས་དོན་དེ་དེ་སྔོན་ཀྲུང་དབྱང་རིམ་པས་གཙོ་ཁྲིད་བྱེད་པ་ནས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱིས་ཡོངས་ཁྱབ་ངང་ནུས་ཤུགས་འདོན་པའི་བར་བསྒྱུར་ཡོད། འདི་ལོའི་ཟླ་4པའི་ཟླ་མཇུག་བར་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་31དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་དུ་ཞིང་ཆེན་རིམ་པ་དང་པོའི་བྲོས་འདེད་གཞུང་ལས་ཁང་བཙུགས་ཡོད་པ་རེད།
         འདི་ལོའི་ཟླ་3ཚེས་24ནས་27ཉིན་བར་ཀྲུང་དབྱང་རུལ་རྒོལ་མཐུན་སྦྱོར་ཚོགས་ཆུང་རྒྱལ་སྤྱིའི་བྲོས་འདེད་དངུལ་འདེད་ལས་དོན་གཞུང་ལས་ཁང་གིས་གཙོ་གཉེར་བྱས་པའི་རུལ་རྒོལ་རྒྱལ་སྤྱིའི་བྲོས་འདེད་དངུལ་འདེད་ལས་སྒོའི་གསོ་སྦྱོང་འཛིན་གྲྭ་པེ་ཅིང་དུ་གཉེར་འགོ་ཚུགས་ཤིང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་དང་། འཆར་གཞི་ལོགས་སུ་བཀོད་པའི་གྲོང་ཁྱེར་གྱི་སྒྲིག་བཤེར་དང་། ཁྲིམས་ཁང་། ཞིབ་དཔྱོད། སྤྱི་བདེ་སོགས་དང་ཀྲུང་དབྱང་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་དང་ལས་དོན་མི་སྣ་130ལྷག་ཙམ་གསོ་སྦྱོང་ནང་ཞུགས་པ་རེད། རུལ་རྒོལ་རྒྱལ་སྤྱིའི་བྲོས་འདེད་དངུལ་འདེད་ལས་སྒོའི་གསོ་སྦྱོང་འཛིན་གྲྭ་གཉེར་མཇུག་འགྲིལ་རྗེས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་གིས་ཀྲུང་དབྱང་གི་དགོངས་དོན་དུས་ཐོག་ཏུ་ལག་བསྟར་དང་ཞིང་ཆེན་རིམ་པའི་བྲོས་འདེད་དངུལ་འདེད་མཐུན་སྦྱོར་ལམ་སྲོལ་གང་མགྱོགས་བཙུགས་པ་རེད། མིག་སྔར་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་མང་ཆེ་བར་ཞིང་ཆེན་རིམ་པའི་བྲོས་འདེད་གཞུང་ལས་ཁང་བཙུགས་ཟིན་པ་དང་དེའི་ཁོངས་མིའི་ཚན་པ་སྤྱིར་ན་6ནས་12བར་ཡོད་པ་རེད།
         ཀྲུང་དབྱང་བྲོས་འདེད་གཞུང་ལས་ཁང་གི་བཀོད་སྒྲིག་ལ་གཞིགས་ན། ཞིང་ཆེན་ཁག་གིས་སྒུལ་ཚུལ་རྣམ་པའི་བསྡོམས་རྩིས་སྙན་ཞུའི་ལམ་སྲོལ་བཙུགས་ནས་ཕྱི་རྒྱལ་དུ་བྲོས་བྱོལ་སོང་བའི་གནས་ཚུལ་དུས་ཐོག་ཏུ་སྙན་སེང་ཞུ་དགོས་པ་དང་གྱོད་གཞི་རེར་སྙན་སེང་རེ་ཞུ་བ་དང་གྱོད་གཞི་རེ་ཐོན་ཚེ་སྙན་སེང་རེ་ཞུས་ནས་ཉིན་མཚན་བལྟོས་མེད་ངང་རིམ་པ་བཞིན་བྲོས་འདེད་གཞུང་ལས་ཁང་ལ་སྙན་སེང་ཞུ་དགོས་པའི་བླང་བྱ་བཏོན་ཡོད། ཕྱི་རྒྱལ་དུ་བྲོས་བྱོལ་སོང་བའི་གྱོད་གཞིར་འགྱུར་ལྡོག་ཆེན་པོ་བྱུང་བའམ་ཡང་ན་རྒྱལ་ནང་དུ་བརྟག་དཔྱད་བྱེད་པ་དང་རྒྱལ་ཕྱིར་བྲོས་འདེད་དངུལ་འདེད་ལས་དོན་སྤེལ་བར་འཕེལ་རིམ་གང་ལེགས་བྱུང་བ་དུས་ཐོག་ཏུ་བྲོས་འདེད་གཞུང་ལས་ཁང་ལ་སྙན་སེང་ཞུས་ནས་ཕྱི་རྒྱལ་དུ་བྲོས་བྱོལ་སོང་བའི་ཆ་འཕྲིན་གྱི་སྒུལ་ཚུལ་དོ་དམ་ཐུབ་པ་བྱེད་དགོས། བྲོས་འདེད་གཞུང་ལས་ཁང་གིས་ད་དུང“ཕྱི་རྒྱལ་དུ་བྲོས་བྱོལ་སོང་བའི་ཏང་ཡོན་དང་རྒྱལ་ཁབ་ལས་དོན་མི་སྣའི་ཆ་འཕྲིན་དོ་དམ་མ་ལག”གཤམ་བསྒྲགས་བྱས་ཏེ་ཚན་པ་ཁག་གིས་མ་ལག་དེ་བརྒྱུད་ཕྱི་རྒྱལ་དུ་བྲོས་བྱོལ་སོང་བའི་མི་སྣའི་ཆ་འཕྲིན་དུས་ཐོག་ཏུ་རེའུ་མིག་བཀོད་འབུལ་དང་། ཁ་གསབ། བཟོ་བཅོས། འཐུས་ཚང་ཡོང་བ་བྱེད་དགོས་པ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།