འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ལམ་318ཀྱི་བོད་ལྗོངས་ཡོམ་ཁུལ་ལམ་དུམ་བུར་ས་གཤིས་གནོད་འཚེའི་མི་མངོན་
    པའི་རྐྱེན་ངན་གྱི་མཚོན་རྟགས་བཀོད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་06ཉིན། 16:35】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་བོད་ལྗོངས་ཡོམ་འགོག་གེགས་སེལ་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉིན་ཤས་གོང་རྒྱལ་ལམ་318ལམ་རྒྱུད་ཀྱི་བོད་ལྗོངས་གཉའ་ལམ་ནས་འགྲམ་བར་གྱི་སྤྱི་ལེ་33ཚང་མར་ཞོར་སྐྱོན་ས་གཤིས་གནོད་འཚེའི་མི་མངོན་པའི་རྐྱེན་ངན་ཐོན་ཡུལ་63གྱི་མཚོན་རྟགས་བཀོད་ནས་ཕར་འགྲོ་ཚུར་འོང་གི་འགྲུལ་པ་དང་འཁོར་རིགས་ལ་དོ་སྣང་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།
         རྒྱལ་ལམ་318རྒྱུད་ཀྱི་གཉའ་ལམ་ནས་འགྲམ་བར་གྱི་ལམ་དུམ་བུ་ནི་ནེ་པ་ལའི“4•25”ས་ཡོམ་རྐྱེན་གྱིས་ཀྲུང་གོའི་བོད་ལྗོངས་མངའ་ཁོངས་སུ་གེགས་བར་ཚབས་ཆེ་ཤོས་ཀྱི་ས་ཁུལ་ཞིག་ཡིན། མིག་སྔར་ལམ་དུམ་བུ་དེ་བཤངས་ཟིན་ནའང་ཡོམ་འཕྲོ་བརྒྱབ་ཁར་གངས་ཆར་འབབ་མང་བའི་རྐྱེན་གྱིས་སྐབས་རེ་རི་ཉིལ་བ་སོགས་ཐོན་པས་ཉེན་ཁ་རྒྱུན་ཆད་མེད་པར་ཐོན་གྱི་ཡོད་པ་རེད།
         བོད་ལྗོངས་ཡོམ་འགོག་གེགས་སེལ་བཀོད་འདོམས་པུའི་བཀོད་སྒྲིག་གཞིར་བཟུང་། དྲག་ཆས་ཉེན་རྟོག་གསེར་དཔུང་སྡེའི་ཉིང་ལག་རུ་ཁག་བཅུ་གཅིག་པས་ཆུ་དཔྱད་ས་དཔྱད་དང་། ལས་གྲྭའི་ས་གཤིས། ས་གཤིས་རྩད་ཞིབ་སོགས་ཆེད་ལས་ཀྱི་བཟོ་བཀོད་པ་28སྒྲིག་འཛུགས་བྱས་ནས་ས་གཤིས་གནོད་འཚེ་གྲལ་བཤེར་ཚོགས་ཆུང་7བཙུགས་ཤིང་། འཕྲལ་སྡོམ་གནོད་སྐྱོབ་སྒྲིག་བཀོད་ཁྱེར་ནས་གས་རྡིབ་དང་། རི་ཉིལ་བ། འདམ་རྡོའི་ཆུ་རུད་སོགས་ཞོར་སྐྱོན་གནོད་འཚེ་ཚབས་ཆེན་ལ་ས་གནས་ས་ཐོག་ཏུ་ལྟ་ཞིབ་ཚོད་འཛིན་དང་། གཞི་གྲངས་ཟིན་འགོད། རིམ་པ་ཞིབ་དཔྱད་གཏན་འཁེལ་བྱས་པ་མ་ཟད། ས་གཤིས་གནོད་འཚེའི་རིགས་དང་། ཁྱབ་ཡུལ། གཞི་ཁྱོན་གྱི་རྣམ་པ། འགུལ་སྐྱོད་ལམ་ཐིག་བཅས་སྐོར་གྱི་མཐོང་ཐོས་མྱོང་གྲུབ་ཀྱི་དཔྱད་གཞི་འབོར་ཆེན་འཚོལ་བསྡུ་བྱས་པར་བརྟེན། རོགས་སྐྱོབ་སྟོབས་ཤུགས་ལུགས་མཐུན་བཀོད་སྒྲིག་དང་། གེགས་སེལ་གཙོ་གནད་ཡུལ་ཁོངས་གཏན་འཁེལ། བདེ་འཇགས་གེགས་སེལ་གྱི་ལམ་ཐིག་འདེམ་པ། གེགས་བར་བྱུང་བའི་མང་ཚོགས་གནས་སྤོས་བཀོད་སྒྲིག་དང་དེ་བཞིན་གེགས་རྗེས་བསྐྱར་སྐྲུན་གྱི་ས་ཆ་འདེམས་པ་སོགས་ཀྱི་ཐད་དཔྱད་གཞི་གལ་ཆེན་མཁོ་ འདོན་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།