འཚོལ་བཤེར།   
藏文频道
2015ལོའི་ཟླ་4ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་བྲག་མགོའི་ཐང་ག་བཞེངས་རྒྱུན་འཛིན་མཁན་ཡོད་པར་གྱུར་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 04ཚེས་20ཉིན། 14:18】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་མཚོ།)

     
    ༄༅།།སི་ཁྲོན་བྲག་མགོའི་ཐང་ག་བཞེངས་རྒྱུན་འཛིན་མཁན་ཡོད་པར་གྱུར་པ།
         མི་དམངས་དྲ་བའི་འཕྲིན། བྲག་མགོ་རྫོང་ནི་བོད་ཀྱི་ཐང་ག་བཞེངས་རྒྱུན་ལས་ཀརྨ་སྒར་བྲིས་ལུགས་ཀྱི་སྲོལ་འབྱེད་པ་ནམ་མཁའ་རྒྱལ་གྱི་འཁྲུངས་ཡུལ་ཡིན་ལ། ཁོང་གིས་བཞེངས་པའི་ཞལ་ཐང་ཁག་ཅིག་ད་ལྟ་ཡང་ཕོ་བྲང་པོ་ཏ་ལ་རུ་ཉར་ཚགས་བྱས་ཡོད། ཟླ་4ཚེས་17ཉིན་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བྲག་མགོ་རྫོང་ཐང་གའི་རྟེན་རྫས་བཤམས་མཛོད་ཁང་གི་ཐང་ག་འབྲི་སྦྱོང་ཁང་དུ་དགུང་ལོ་53ལ་ཕེབས་པའི་རྒན་པད་མ་ཚེ་རིང་ལགས་ཀྱིས་སློབ་ཕྲུག་10ལྷག་ཁྲིད་ནས་རང་ཉིད་ཀྱི་བརྩམས་ཆོས་མདུན་དུ་བསྡད་དེ་རིག་པ་སྒྲིམ་པའི་སྒོ་ནས་ཐིག་རྩ་འཐེན་པ་དང་རིས་ངོས་ཞིབ་ཆ་འཐུས་ཚང་དུ་གཏོང་བཞིན་ཡོད་པ་རེད། ཁོང་ཚོས་སྲོལ་རྒྱུན་གྱི་ཐང་གའི་སྒྱུ་རྩལ་གྱི་ཉིང་བཅུད་རྒྱུན་འཛིན་བྱེད་པ་དང་སྦྲགས་ཐང་གའི་སྒྱུ་རྩལ་གྱི་བླ་སྲོག་དང་སྙིང་པོ་འཚོལ་ཞིབ་རྒྱུན་ཆད་མེད་པར་བྱེད་བཞིན་ཡོད་པ་རེད།
    【1】  【2】  【3】  【4】
    ༄༅།།སི་ཁྲོན་བྲག་མགོའི་ཐང་ག་བཞེངས་རྒྱུན་འཛིན་མཁན་ཡོད་པར་གྱུར་པ།
      

    ཕྱོགས་བསྡུས་གསར་འགྱུར།