འཚོལ་བཤེར།   
藏文频道
2015ལོའི་ཟླ་4ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་ལྷོའི་རྨ་ཆུ་རྫོང་གིས་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་དྲོ་སྐྱིད་སྐྱེལ་བ་དང་བཞུགས་མོལ་དང་
    སྤེལ་རེས་བྱས་ནས་འཕེལ་རྒྱས་དོན་གཉེར་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 04ཚེས་15ཉིན། 14:05】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་མཚོ།)

     
         མི་དམངས་དྲ་བའི་འཕྲིན། དཔྱིད་རྨོད་ཐོན་སྐྱེད་བྱེད་འགོ་ཚུགས་པའི་དུས་སུ་རྨ་ཆུ་རྫོང་སྒྲིག་གཞི་ཨུ་ཡོན་ལྷན་ཁང་གིས་རྫོང་གློག་ཤུགས་ཀུང་སི་དང་རྫོང་སྡོད་ཁང་སྤྱི་གསོག་མ་དངུལ་དོ་དམ་པུའུ་དང་མཉམ་འབྲེལ་ཐོག་འབྲེལ་གཏུག་ས་ཚིགས་ཆུ་ཁ་མ་ཤང་སྐོ་ཆེན་གྲོང་ཚོར་རོགས་སྐྱོར་འཚམས་འདྲི་དང་བཞུགས་མོལ་སྤེལ་རེས་ཀྱི་བྱེད་སྒོ་སྤེལ་ནས་སྐོ་ཆེན་གྲོང་ཚོའི་འདི་ལོའི་ཐོན་སྐྱེད་དང་འཚོ་བའི་ཐད་འཕྲད་པའི་དཀའ་ངལ་དང་གནད་དོན་ཤེས་རྟོགས་གཏིང་ཟབ་བྱས་ནས་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཐག་གཅོད་བྱེད་རོགས་བྱས་པ་རེད།
         བཞུགས་མོལ་དང་སྤེལ་རེས་བྱེད་རིང་རོགས་སྐྱོར་ཚན་པ་ཁག་གིས་སྐོ་ཆེན་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མིས་བཏོན་པའི་གློག་གི་གནད་དོན་དང་། འབྲོག་རའི་ལམ་གྱི་གནད་དོན། ལན་ཆིའུ་སྤོ་ལོ་ཐང་དུ་ཨར་འདམ་འདིང་རྒྱུའི་གནད་དོན། གྲོང་ཚོ་ཨུ་ལྷན་གྱི་ཁང་པ་ཉམས་གསོ་སོགས་ཀྱི་གནད་དོན་ལ་ལན་བརྒྱབ་པ་སྟེ། སྐོ་ཆེན་གྲོང་ཚོའི་འབྲོག་པ་གནས་སྡོད་ཁ་འགྲེམས་ཡིན་པ་དང་ཅུས་ཀྱི་སྐུད་ལམ་གཙོ་བོ་སྤྱི་ལེ་20ཙམ་ཡོད་པ་དེས་གློག་ཤར་གཏོང་ཐུབ་ཀྱི་མེད་པས་རོགས་སྐྱོར་ཚན་པས་ཉི་འོད་ནུས་པའི་འོད་ཤུགས་གློག་ཁང་གིས་སྐོ་ཆེན་གྲོང་ཚོ་ཨུ་ལྷན་དང་དེ་བཞིན་གྲོང་མིའི་གློག་སྒྲོན་གྱི་གནད་དོན་ཐག་གཅོད་བྱེད་རྒྱུའི་མཐུན་སྦྱོར་བྱ་རྒྱུ་དང་། འབྲོག་པ་མང་ཚོགས་འགྲོ་སྐྱོད་དཀའ་བའི་གནད་དོན་ཐག་གཅོད་ཐུབ་རྒྱུའི་བརྩོན་ལེན་བྱ་རྒྱུ། ལན་ཆིའུ་སྤོ་ལོ་ཐང་དུ་ཨར་འདམ་འདིང་བ་དང་གྲོང་ཚོ་ཨུ་ལྷན་གྱི་ཁང་པ་ཉམས་གསོའི་གནད་དོན་དེ་ཚན་པ་གསུམ་གྱིས་ཐུན་མོང་ཐོག་མ་དངུལ་གྲབས་གསོག་བྱས་ནས་འདི་ལོ་ལེགས་གྲུབ་ཐུབ་པ་བྱ་རྒྱུ་ཡིན་པ། དུད་ཚང་དབུལ་པོར་དབུལ་སྒྲོལ་འདུ་ཤེས་མི་འདང་བ་དང་། ལས་ཞུགས་རྩལ་ནུས་གཞན་པའི་གནད་དོན་ལ་དམིགས་ནས་རོགས་སྐྱོར་ཚན་པ་ཁག་གིས་འབྲེལ་བ་ཧུར་ཐག་བྱས་ཏེ་འབྲོག་པར་རྩལ་ནུས་གསོ་སྦྱོང་བྱས་ནས་དུད་ཚང་དབུལ་པོས་གསོ་སྦྱོང་ནང་ཞུགས་རྒྱུར་འཕྲལ་དུ་སྒྲིག་འཛུགས་དང་སྐུལ་སློང་བྱ་རྒྱུ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།