འཚོལ་བཤེར།   
藏文频道
2015ལོའི་ཟླ་4ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།“རྒྱུད་གཅིག་ལམ་གཅིག”འཐབ་ཇུས་དང་དུས་སྐབས་གསར་པའི་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་
    མཉམ་ལས་བགྲོ་གླེང་ཚོགས་འདུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 04ཚེས་15ཉིན། 10:26】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་4ཚེས་13ཉིན་ཅང་སུའུ་ཞིང་ཆེན་ལན་ཡུན་ཀང་གྲོང་ཁྱེར་དུ“རྒྱུད་གཅིག་ལམ་གཅིག”འཐབ་ཇུས་དང་། དུས་སྐབས་གསར་པའི་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་མཉམ་ལས་དང་། དབན་ལུང་ཚོགས་འདུ་འཚོགས་ནས་ལོ་60འཁོར་བར་དྲན་གསོ་ཞུ་བའི་བགྲོ་གླེང་ཚོགས་འདུ་འཚོགས་པ་རེད། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་དྲུང་ཆེ་ཀའོ་ཞང་དང་། ལན་ཡུན་ཀང་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་ཀྲུང་ཁུན། ཀྲུང་གོའི་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁ་སློབ་ཚོགས་ཀྱི་ཚོགས་གཙོ་ལིའུ་ཀུའེ་ཅིན་བཅས་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་ཤིག་ཚིག་ཀྱང་གསུངས་པ་རེད། པེ་ཅིང་དང་། ཧྲང་ཧའེ། ལན་ཡུན་ཀང་། ནང་སོག་སོགས་ནས་ཡོང་བའི་སྲིད་གཞུང་གི་དཔོན་རིགས་དང་རྒྱལ་སྤྱིའི་གནད་དོན་གྱི་རིགས་གཅིག་མཁས་ཅན་དང་མཁས་དབང་ཁྱོན་60ཙམ་ཚོགས་འདུར་ཞུགས་པ་རེད།
         ཚོགས་ཞུགས་འཐུས་མི་ཚོས་ལོ་60ཡི་གོང་དུ་དབན་ལུང་ཚོགས་འདུ་འཚོགས་རྗེས་ཞི་བདེ་མཉམ་གནས་དང་མཐུན་པ་ཡོང་ཐབས་དང་མི་མཐུན་སོར་འཇོག་གི་རྒྱལ་སྤྱིའི་འབྲེལ་བའི་རྩ་དོན་གལ་ཆེན་ཆགས་པ་དེ་ཤུགས་རྐྱེན་རྒྱ་ཆེ་ལ་གཏིང་ཟབ་པོ་ཡོད། ད་ཆ“རྒྱུད་གཅིག་ལམ་གཅིག”དེས་ཁོག་ཡངས་མཉམ་འཚོ་དང་མཉམ་ལས་གཉིས་ཁེའི་རྒྱལ་སྤྱིའི་འབྲེལ་བའི་འདུ་ཤེས་གསར་པའི་གྲོས་འགོ་བཏོན་པ་དེས་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ལ་སྙིང་དོན་གསར་པ་བསྣན་རྒྱུ་རེད། “རྒྱུད་གཅིག་ལམ་གཅིག”ཐུན་མོང་ཐོག་བསྐྲུན་རྒྱུ་དེ་ཀྲུང་གོས་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་དཔལ་འབྱོར་ཐད་འབྲེལ་མཐུད་དང་། རིགས་སྒྱུར། རིམ་སྤོར་བཅས་བྱེད་པར་ཕན་པ་ཡོད་ལ། རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་ལའང་་ཕན་པ་ཡོད་པ་མ་ཟད། ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁ་ས་ཁུལ་གྱི་རྒྱལ་ཁབ་ཀྱི་བཅོས་སྐྱོང་ནུས་པ་དང་བཅོས་སྐྱོང་མ་ལག་དེང་རབས་ཅན་དུ་འགྱུར་བར་སྐུལ་མ་གཏོང་ཐུབ།  “རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་གཉིས་ཁེའི་འདུ་ཤེས་དེ་ཐོག་ནས་དེང་རབས་ཀྲུང་གོའི་དོན་གཉེར་དང་ཀྲུང་གོའི་ཉམས་འགྱུར་མཚོན་པ་དང་དུས་རབས་ཀྱི་རླབས་རྒྱུན་དང་དམངས་སེམས་གཏད་ཕྱོགས་དམ་འཛིན་ཡང་ཐུབ་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
         ད་ཐེངས་ཀྱི་བགྲོ་གླེང་ཚོགས་འདུ་ནི་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་ཨེ་ཤེ་ཡ་ནུབ་མ་དང་ཨ་ཧྥེ་རི་ཁ་ཞིབ་འཇུག་སོའོ་དང་། ཀྲུང་གོ་དབུས་ཤར་ས་ཁུལ་སློབ་ཚོགས། ཀྲུང་གོ་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁ་སློབ་ཚོགས། ལན་ཡུན་ཀང་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།